| | e-texts navigator
|
401b1 ཏེ།། ལོངས་སྤྱོད་སྤེལ་བའི་དབྱངས་འདིས་བསྟན།། བདག་ཅག་རིག་འཛིན་ཤེས་རབ་མ།། རྒྱལ་སྲས་ལྷ་ཡི་དངོས་གྲུབ་འཛིན། དགྱེས་པས་ཚིམ་པའི་ལོངས་སྤྱོད་དག། ཇི་ལྟར་ཡིད་བཞིན་ནོར་བུའམ།། དཔག
401b2 བསམ་ཤིང་ལྗོན་འདོད་འཇོའི་བ།། མ་རྨོས་ལོ་ཏོག་རྒྱས་པ་ལྟར།། རྣལ་འབྱོར་ལོངས་སྤྱོད་ཆེན་པོ་དག། ནམ་མཁའི་ཁམས་སུ་གཏིབས་ནས་ཀྱང་།། རྡོ་རྗེ་དགྱེས་ཚོགས་ཀུན་འདུས་ནས།། སྐལ་ལྡན་རྣམས་ཀྱིས
401b3 རབ་སྤྲུལ་ཅིག། རྡོ་རྗེ་གར་གྱི་དབང་སྒྱུར་ནས།། སྒེག་པས་ལྷ་མོ་འཇོ་ཚུལ་དག། འདུད་ཅིང་སྡོད་པའི་ཚུལ་གྱིས་ནི།། རོལ་མོའི་ཚོགས་ཀྱིས་དགའ་བ་སྐྱེད།། ཨོཾ་ཤྲཱི་བཛྲ་ལུ་སྱེ་ཧཱུཾ་ཧཱུཾ། བཛྲ་མཱ་ལེ་ཏྲཱཾ་ཏཱཾ།། བཛྲ་གཱི་ཏི་ཧྲཱིཿཧྲཱིཿ
401b4 བཛྲ་ནརི་ཏྱ་ཨཿཿ། རྡོ་རྗེ་ཀརྨའི་ཐབས་མཆོག་གིས།། རྡོ་རྗེ་གླུ་འདིས་གཟི་བྱིན་བསྐྱེད།། རྡོ་རྗེ་བདུད་རྩི་ལོངས་སྤྱོད་འདི།། རྩི་མཆོག་བཅུད་ཀྱི་སྙིང་པོ་སྟེ།། གཟི་མདངས་རྒྱས་པར་བྱེད་པའི་མཆོག། བཀྲག་འཛིན
401b5 གཟུགས་མཆོག་དྲན་པའི་དཔལ།། རྡོ་རྗེ་ཅན་གྱི་བྱིན་སྟོབས་ཀྱིས།། སྐལ་པ་ཅན་གྱི་ཟས་སུ་བྱ།། སྐལ་མེད་རྣམས་ཀྱིས་དུག་ཏུ་འགྱུར།། དཔེར་ན་སྦྲུལ་ལ་འོ་མ་བཞིན།། ས་མ་ཡ་ཛཾཿཀུ་སུ་ཙ་མ་མ། སྨུག་ཟིལ་ལྷ་མ
401b6 མཉེན་གསལ་མ།། རླན་རྣམས་བདུད་རྩིར་སྦྱར་བྱེད་མ།། བདུད་རྩི་ཆུ་རྒུན་དངོས་གྲུབ་འཛིན།། རང་གཉེར་ལས་སྐལ་ཆུ་རྒྱུན་འབེབས།། ཤིང་ལོ་འདབ་ལས་བདུད་རྩིར་སྦྱར།། འབྲུ་ཐོག་སྣ་ཚོགས་དངོས་གྲུབ
iiif viewer powered by OpenSeadragon
401a - 402a