| | e-texts navigator
|
344a1 ངན་གཉིས།། འཁོར་བའི་ཁམས་སུ་ཟག་པར་མཉམ།། ལྷ་དང་དམ་ཚིག་སྒྲུབ་པ་ཡི།། དམ་པའི་མཛོད་གསུམ་སྨྲ་ཤེས་ཀྱང་།། གོམས་པའི་མཐུ་མེད་གནས་མ་གྱུར།། ངན་སྦྱར་ཕྲག་དོག་སེར་སྣས
344a2 གདུངས།། བྱ་མེད་ཆོས་ལ་བློ་གཏོད་ཅིང་།། སྤྱོད་རྩིང་དམ་རལ་རྡེང་མེད་པར།། རྣལ་འབྱོར་སྤྱོད་ལ་ལྷ་དམན་ཞེས།། ཟེར་བ་ཕམ་འགྱུར་འཁོར་བར་འཕོ།། སྣོད་ངན་འཁོར་བར་འཕོ་བ་ལ།། གསང་བའི་དོན་རྣམས
344a3 སྨྲ་བྱེད་པ།། གསང་བ་ཉམས་པའི་དབང་གིས་ནི།། ཉམས་པ་དེ་དང་དེ་འདྲར་འགྱུར།། ཟླ་ངན་ཉམས་སོད་ཅན་ལན་འདྲེན།། ཁ་གསག་ལྕེ་གཉིས་སྒྱུར་བྱེད་ཅིང་།། སེམས་ལ་ཉོན་མོངས་ལྔ་བཅངས་ཏེ།། རྐུ་དང
344a4 སྒྲ་སྤྱོད་བརྫུན་ལ་དགའ། ཚེ་གཅིག་གྲགས་པ་ཆེར་ཕྱིར་དུ།། གང་ཟག་ཕྱིར་འབྲེང་ཚིག་འགའ་ལ།། མཉན་ཏེ་བརྗོད་འདོད་ཚུལ་འཆོས་པ།། ལོག་སྒྲ་དུག་ཅན་ཐར་མ་ལྷུང་།། དུག་ཅན་ལྟུང་བའི་སྣོད་དེ་ལ།། གསང
344a5 བའི་དམིགས་རྣམས་སྨྲ་བ་ནི།། རྣལ་འབྱོར་ཉམས་པ་ཆེན་པོ་སྟེ།། འཁོར་བའི་ཐ་མར་དེ་ལྟུང་འགྱུར།། འདི་ལྟར་ཕམ་འགྱུར་སྣོད་ངན་ལ།། གསང་བ་གསང་ཆེན་ལ་སོགས་པའི།། དོན་དང་རང་བཞིན་གང་ཡིན
344a6 པ།། བསྟན་ཀྱང་ཕམ་ལྟུང་གེགས་སུ་འགྱུར།། དེ་བས་བསྟན་པར་བྱ་བ་མིན།། གལ་ཏེ་བསྟན་པར་གྱུར་ན་ནི།། སྟོན་སྒྲ་ཉན་བྱེད་དེ་དག་རྣམས།། མཐོང་ཡུན་ཕུང་བྱེད་གཉིས་སྐྲག་འགྱུར།། རྣལ་འབྱོར་མཁས
iiif viewer powered by OpenSeadragon
343b - 344b