e-texts navigator
Collection
Volume
Page
Wylie

215a1 དཔེ་བྱད་ཚུལ་ཤེས་ལྡན།། མར་མེ་གཅིག་ལས་གཉིས་སྣང་བཞིན།། བདག་མེད་ཤེས་རབ་ཕ་རོལ་ཕྱིན།། རྒྱན་དང་ཆ་ལུགས་ཚུལ་ཤེས་པ།། སྐྱེ་མེད་རྣམ་དག་གདན་སྟེངས་སུ།། འཁྲིལ་བའི་ཚུལ་དུ
215a2 བསྟན་པར་གནས།། རང་བྱུང་གྲུབ་པའི་སྐུ་ལྔར་ཤར།། སྐྱེ་བ་མེད་ལས་སྐྱེ་སྣང་ཚུལ།། སྐྱེས་པ་ཉིད་ནས་འདུ་འབྲལ་མེད།། གཅིག་པུར་སྣང་བའི་སྐུ་ལྔའོ།། རྡོ་རྗེ་འཆང་གིས་བཀའ་སྩལ་པ།། ང་ནི་རྣམ་དག་སྐུ་ཡི
215a3 མཆོག། ཡེ་ཤེས་ལུས་ཅན་དྲི་མ་མེད།། ང་ནི་རྣམ་དག་གསུང་གི་མཆོག། སྨྲ་བསམ་ཡུལ་ལས་འདས་པ་ཡིན།། ང་ནི་རྣམ་དག་ཐུགས་ཀྱི་མཆོག། རྟོག་པའི་མཐའ་ལས་འདས་པ་ཡིན།། སྟོང་པའི་ཡེ་ཤེས་རྩལ་སྣང
215a4 བ།། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། སྐུ་ལྔའི་ཡོན་ཏན་མཐར་ཕྱིན་པ།། ཤེས་རབ་ཕ་རོལ་ཕྱིན་པའི་གསུང་།། གསུང་མེད་གསུང་གི་དཀྱིལ་འཁོར་ནས།། ཆོས་མེད་ཆོས་ཀྱི་དོན་བརྗོད་པ།། མགོན་པོས་བདག
215a5 ལ་བཤད་དུ་གསོལ།། ཞེས་བཀའ་སྩལ་ཏོ།། དེ་ནས་སྐུ་ལྔ་ངོ་བོ་ཉིད་ཀྱི་སྒྲ་དང་དྲུག། ཡེ་ཤེས་ལྔ་མི་གནས་པའི་ཡེ་ཤེས་ཆེན་པོ་དང་དྲག། ཡུལ་ལྔ་བདག་ཏུ་མེད་པའི་ཀློང་དང་དྲུག་གིས་སྤྲས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ
215a6 རྗེ་འཆང་།། ང་བྱེད་པ་པོ་ཉིད་རང་བཞིན་གྱིས་རྣམ་པར་དག་ནས། སངས་རྒྱས་པས་འདུས་བྱས་ཀྱི་ཆོས་ཡེ་གདོད་མ་ནས་མེད་དོ།། ངའི་ཤེས་པ་རྣམ་པར་དག་པ་ཡིན་པས། ངའི་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ




iiif viewer powered by OpenSeadragon

214b - 215b

Texts on this page

Gpb009.016 - thugs kyi rgyud rin po che spungs pa'i rgyan