| | e-texts navigator
|
124a1 རྒྱ་གར་སྐད་དུ། བོ་དྷི་ཙིཏྟཥྛ་ཏ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བ། བཅོམ་ལྡན་འདས་དཔལ་གྱི་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རྨད་བྱུང་བྱང་ཆུབ་སེམས་འདི
124a2 གནས།། དེ་ཡི་གཞལ་ཡས་ཡོན་ཏན་གྱི།། དོན་འདི་བསྟན་པ་འདི་ཡིན་ནོ།། དུས་གསུམ་བཞུགས་པའི་སངས་རྒྱས་དང་།། རྡོ་རྗེ་འཆང་བའི་རྣལ་འབྱོར་དང་།། དབང་ཆེན་ཕྲག་འཐུང་མ་མོའི་ཚོགས།། གཞན་ཡང
124a3 རྣམ་པ་མང་པོ་ཡི།། ལྷ་དང་ལྷ་མིན་རླུང་ལྷ་དང་།། གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས།། གཤིན་རྗེ་ཀླུ་དང་ལྷ་རྣམས་སོགས།། དབང་མེད་དད་པས་འདུས་པ་དང་།། ལྷ་ཡི་ཚོགས་ཀྱི་གང་བ་ཡི།། གཞལ་མེད་ཁང
124a4 མཛེས་དེ་དག་གི། མེ་དང་འདྲ་བའི་འོད་གསལ་དེ།། ཉི་མ་ཟླ་བའི་གདན་དང་འོད།། ཞིང་རྣམས་གདན་ཆེན་གསལ་བ་དང་།། རིན་ཆེན་ལས་བྱས་ཤིན་ཏུ་སྣང་།། སྐལ་ལྡན་པ་ཡི་སངས་རྒྱས་ཡིན།། རབ་སྡང་གནོད
124a5 བྱེད་རྣམས་ཀྱང་སྤང་།། འདི་ལ་གནོད་བྱེད་གང་ཡིན་པ།། འབྱུང་པོ་གྲུལ་བུམ་སྲིན་པོ་དང་།། ཡི་དྭགས་སྲུལ་པོ་དེ་དག་གིས།། རྨད་བྱུང་འདི་ནི་མི་ཟོས་ཏེ།། རྨད་བྱུང་བྱང་ཆུབ་ཡོན་ཏན་འདི།། འཇིག་རྟེན་མགོན
124a6 པོས་བཤད་པ་ཡིན།། འདི་ལས་གང་ཞིག་འགལ་བྱེད་པ།། འཇིག་པ་ཐམས་ཅད་དེ་ལ་འོང་།། སྔགས་འཆང་རྣམས་ཀྱིས་སྤང་བར་འགྱུར།། རྨད་བྱུང་བྱང་ཆུབ་སེམས་འདི་ནི།། དཔལ་ཆེན་པདྨ་ཧེ་རུ་ཀའི།། སྒྲུབ་པ
iiif viewer powered by OpenSeadragon
123b - 124b