| | e-texts navigator
|
84a1 ག། ན་བྱེད་རྒྱལ་པ་ཐང་ཆུབ་སེམས་པའོ།། རང་འབྱུང་བ་ག་ཟིན་པ་གཅིག་ལན།། རང་འབྱུང་བ་ཤེས་བཟླས་པ་རྣལས་ནོ།། རྩ་བའི་འ་འང་བདུན་\ུ0f7f། བ
84a2 བདུན་ཡིན།། དེ་ཡི་ངོ་བོ་ཇི་ལྟར་ཡིན་ཞེ་ན།། ཡེ་ཤེས་ངོ་བོ་ཆོས་ཀྱི་སྙིང་པོ་ལས།། མངོན་དུ་བྱུང་བའི་མདོ་ལུང་བཅུ་ཡང་བསྟན།། ཡེ་ཤེས་མ་ནོར་ངེས་པའི་ཇོ་བོ་ལས།། མ་ནོར་ངེས་པའི་མདོ་ལུང་བཅུ་པང
84a3 བསྟན།། ཡེ་ཤེས་རྒྱུ་འབྲས་འདས་པའི་ངོ་བོ་ལས།། རྩཝ་འབྲས་འདས་པའི་མདོ་ལུང་བཅུ་ཡང་འབྱུང་།། ཡེ་ཤེས་བྱ་བ་མེད་པའི་ངོ་བོ་ལས།། བྱ་མེད་རྫོགས་པའི་མདོ་ལུང་བཅུ་ཡང་འབྱུང་།། ཡེ་ཤེས་གཏན་ལ
84a4 འབེབས་པའི་ངོ་བོ་ལས།། གཏན་ལ་འབེབས་པའི་མདོ་ལུང་བཅུ་ཡང་འབྱུང་།། སེམས་ཉིད་ཡེ་ཤེས་ངོ་བོ་རྣམ་ལྔ་ལས།། མདོ་ལུང་བཅུ་ཚན་རྣམ་པ་ལྔ་བྱུང་ནི།། རང་བཞིན་ཇོ་བོ་ཡིད་ཆེས་ལྔ་བསྟན་ཡིན།། བདུན་ནི
84a5 ངེས་པར་བསྟན་པའི་ལེའུ་བདུན་གྱིས།། གཅིག་གིས་གཞི་བསྟན་གཅིག་གིས་གདམས་པ་བསྟན།། ལྔ་ཡིས་སོ་སོ་དགོས་པ་ལྔ་ཡང་བསྟན།། དེ་ཡི་དོན་གྱི་བྱེ་བྲག་བསྟན་པ་ནི།། དབང་པོ་ཆོས་ཉིད་མཐོང་བར་བྱ་བའི
84a6 ཕྱིར།། མངོན་དུ་བྱུང་བའི་མདོ་ལུང་བཅུ་ཡང་བསྟན།། ཡིན་མིན་ཡིད་ཆེས་རྟོག་པ་བསལ་བའི་ཕྱིར།། མ་ནོར་ངེས་པའི་མདོ་ལུང་བཅུ་ཡང་བསྟན།། ཀུན་བྱེད་རྒྱལ་པོའི་རང་འབྱུང་ཡེ་ཤེས་དེ།། ཟླ་གླེན་དག་ལ་རག
iiif viewer powered by OpenSeadragon
83b - 84b