e-texts navigator
Collection
Volume
Page
Wylie

70a1 མཛ་བོ་ཀུན་གྱིས་མཐོང་བྱའི་ཕྱིར།། སྣ་ཚོགས་དབང་ཟ་ངོ་ལ་བསྟན་པ་ཡིན།། དེ་ལ་ང་ཡི་རང་བཞིན་ཀུན་རྟོགས་ཤིག། དེ་ལ་ང་ཡི་རང་བཞིན་མ་མཐོང་ན།། ཀུན་བྱེད་པ་ཡི་ཐེག་པ་བསྟན་པ
70a2 བྱ།། རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས།། རྒྱུ་འབྲས་ཐེག་པ་དྲང་བའི་ལུང་ལ་གཟུད།། ང་ནི་ཡེ་ནས་སྤྱོད་ཡུལ་འདས་པ་འདི།། རྒྱུ་འབྲས་དགའ་བའི་སྐལ་བ་མེད་རྣམས་ལ།། བསྟན་ན་སྒྲོ་དང་སྐུར་བ་འོང
70a3 བའི་ཕྱིར།། བསྟན་ན་རང་གི་སེམས་ལ་སྐུར་བཏབ་པས།། དྲུག་ཏུ་སྐྱེ་ཞིང་གཏན་དུ་འཁོར་བར་འཁྱམ།། ཀྱེ་སེམས་དཔའ་ཆེན་པོ་ང་དོན་རྟོགས།། དེ་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར།། ཚིག་གིས་མི་ཕེབས
70a4 དབང་པོའི་སྤྱོད་ཡུལ་འདས།། ང་ཡི་རང་བཞིན་བསྡུས་ཏེ་ཐིག་ལེར་གནས།། མ་སྤྲོས་གཉིས་མེད་ཡེ་ནས་གཅིག་ཏུ་བསྟན།། དམ་ཚིག་བསྲུང་བའི་བསྒོམ་པ་བྱ་མི་དགོས།། ཕྲིན་ལས་བཙལ་བའི་བསྒོམ་པ་བྱ་མི
70a5 དགོས།། ལམ་ལ་མི་བགྲོད་ས་ལ་མི་སྦྱོང་སྟེ།། རང་ལས་གཞན་དུ་ཆོས་ཉིད་ཚོལ་མི་བྱེད།། རང་འབྱུང་ཡེ་ཤེས་མི་རྟོག་གཡོས་པ་མེད།། གཞན་གྱིས་ལུང་མིན་ཀུན་བྱེད་ང་ཡི་ལུང་།། རྒྱུ་འབྲས་འདས་པས་རྩོལ་དང
70a6 སྒྲུབ་མི་བྱེད།། མ་བྱུང་བས་ན་དངོས་པོ་སྒོམ་མི་བྱེད།། མ་སྐྱེས་པས་ན་འཇིག་པའི་དོགས་པ་མེད།། ང་མི་སྣང་བས་དམིགས་པ་བསྒོམ་དང་བྲལ།། བདེ་ཆེན་བདལ་བའི་ཀློང་དཀྱིལ་ན།། མི་རྟོག་མཉམ་པའི་རང




iiif viewer powered by OpenSeadragon

69b - 70b

Texts on this page

Gpb008.001 - chos thams cad rdzogs pa chen po byang chub kyi sems kun byed rgyal po