e-texts navigator
Collection
Volume
Page
Wylie

116a1 སྦྱིན།། མདོར་ན་ལུས་དང་སྲོག་ཀྱང་འབུལ་བྱ་ཞིང་།། རྫས་དང་ཞིང་ཡུལ་རྐང་འགྲོས་སྨོས་ཅི་དགོས།། གལ་ཏེ་བདག་ལ་དགོས་པར་མ་གྱུར་ཀྱང་།། དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ
116a2 འབུལ།། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས།། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི།། གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་།། ང་རྒྱལ་དམ་པར་མི་བཀུར་ཡིད་ཟུང་ལྡོག། འཕྱར་ཞིང་རྫས་དང
116a3 ད་པར་མི་ལྡན་ཏེ།། རང་ཚོད་ཉམས་ལེན་བཙན་ཐབས་འདོད་པ་དང་།། བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་ཞིང་།། སྒྲོ་སྐུར་བདག་གཞན་གནོད་སེམས་བསྒོམ་པ་མིན།། འདི་ལ་མི་བསྟན་མཆོག་ཏུ་གསང
116a4 བར་བྱ།། སྔོན་དུ་རྟགས་དང་དད་པ་བརྟག་བྱའི་ཕྱིར།། རིན་ཆེན་དབྱིག་དང་ཆས་པས་གུས་མནོད་ཀྱིས།། ཆགས་སེམས་ང་རྒྱལ་གཞན་སེམས་མ་ངེས་ལ།། དེ་ལ་ཀུན་བྱེད་རྒྱལ་པོ་བསྟན་མི་བྱ།། སྙིང་པོའི་དོན་ལ
116a5 དོར་མི་གནས་ཀྱང་།། མི་མ་ཡིན་དག་འབྱུང་པོས་པར་གཅོད་ཅིང་།། མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ཀ་ལ།། དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས།། སྒོ་སྐར་དབང་གིས་སྙིང་པོའི་ཐེག་པ
116a6 ནུབ།། དེ་བས་རིགས་ངན་གང་ཟག་སྤང་བར་བྱ།། འཇིག་རྟེན་ཞེན་པ་དཔྲལ་ཞིང་རྒྱུད་བརྟག་ཕྱིར།། ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ།། ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་ནས།། སྙིང་པོ་དོན་བསྟན




iiif viewer powered by OpenSeadragon

115b - 116b

Texts on this page

Gpb008.001 - chos thams cad rdzogs pa chen po byang chub kyi sems kun byed rgyal po