e-texts navigator
Collection
Volume
Page
Wylie

219a1 ཡོད་མེད་མཐའ་དང་བྲལ།། ཡོད་དང་མེད་པ་ཀུན་བརྟགས་ཏེ།། མཐའ་བྲལ་ཡེ་ཤེས་ཉིད་དུ་བརྟགས།། རང་གསལ་ལུང་ལ་ཀུན་གནས་པས།། ཀུན་བརྟགས་ཡེ་ཤེས་གཉིས་ཀར་གསལ།། ཕྱོགས
219a2 མེད་རིག་པ་ཅི་ཡང་མིན།། ཕྱོགས་འཛིན་ལོག་པའི་གྲོང་ཁྱེར་ལ།། མཐའ་བྲལ་མཉམ་པ་ཉིད་ལ་གནས།། མེད་དང་ཕྱལ་པ་གཅིག་པུ་དང་།། ལྷུན་རྫོགས་རང་རིག་ཆེན་པོ་ལ།། ངོ་བོ་མ་བཅོས་ཆོས་གཅིག
219a3 ལ།། བསམ་པའི་འདུ་ཤེས་ཚུལ་ནས་ཕྱེ།། ཕྱོགས་མེད་རིས་མེད་འོད་གསལ་མཁའ།། རྟོག་མེད་རང་གསལ་ཡེ་སངས་རྒྱས།། ཅི་ཡང་མེད་པས་ཅིར་ཡང་གསལ།། རིག་པ་རང་གསལ་དབྱིངས་ན་བཞུགས།། ཡེ་ཤེས
219a4 རིག་པ་མཆོག་གི་སྐུ།། ཅི་ཡང་མེད་དོ་ཁྱབ་པར་གད་ལ།། རྐྱེན་བྲལ་མི་བསམ་ཅིར་མི་དགོངས།། གཉིས་མེད་བདེ་ཆེན་ཕྱོགས་བཅུར་བརྡལ།། རྟོགས་མེད་རང་གསལ་བདེ་བའི་ལུང་།། བདག་མེད་རིག་པའི་ཆོས
219a5 ཉིད་ལས།། འདི་ཞེས་རིག་པའི་སེམས་མི་འཇུག། གཉེན་པོ་མེད་པས་འཇིག་དང་བྲལ།། རིག་པའི་འོད་གསལ་ཕྱོགས་ལ་བཞུགས།། རང་ལས་གཞན་པའི་ཆོས་མེད་པས།། མེད་པའི་དམ་ཚིག་འདའ
219a6 མེད།། ཕྱོགས་བྲལ་རིག་པའི་ཡེ་ཤེས་ལ།། འདི་དང་འདི་ཞེས་བསྲུང་དུ་མེད།། ཕྱོགས་བྲལ་ཆེན་པོའི་སྐྱེས་བུ་དེས།། ཕྱོགས་གཅིག་བྲལ་བས་ཕྱོགས་ཀུན་བྲལ།། རང་རིག་ནམ་མཁའི་མཐར་ལྟར་གསལ།། ཕྱོགས




iiif viewer powered by OpenSeadragon

218b - 219b

Texts on this page

Gpb007.010 - rdo rje sems dpa' nam mkha'i mtha' dang mnyam pa'i rgyud chen po