e-texts navigator
Collection
Volume
Page
Wylie

167b1 མཆོག། ཅེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། ལ་ཟློའི་མཐར་ཟུག་རང་བྱུང་ཡེ་ཤེས་སུ་གྲོལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་སྐད་ཅེས་བཀའ་སྩལ་པས། འཁོར་ཐམས
167b2 ཅད་དགའ་མགུ་ཡི་རང་སྟེ། དགའ་རབ་རྡོ་རྗེའི་དགོངས་པ་ལ་མངོན་པར་འདུད་དོ།། དྲི་མ་མེད་ཅིང་རང་གྲོལ་རྒྱུད་ཆེན་པོ།། ཀུན་གྱི་ཐུན་མོང་མ་ཡིན་རྟོགས་དཀའ་ཟབ།། མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད
167b3 དུ།། རིན་ཆེན་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད།། ལེའུ་བཅུ་དྲུག་དོན་གྱི་བཅུད་ཕྱུང་ནས།། འཇམ་དཔལ་བཤེས་གཉེན་ཉིད་ལ་གཏད་པ་ཡིན།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད
167b4 ཕྱི་མ་ལས། རྗེས་སུ་ཡི་རང་བ་དང་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། སྤྲུལ་པའི་རྒྱུད་ཕྱི་མ་རྫོགས་སོ།། ཛྙཱ་ན་ཤེས་རབ་རྟོགས་པའི་ཉི་མ་ཤར།། །།




iiif viewer powered by OpenSeadragon

167a - 168a

Texts on this page

Gpb007.008 - rin po che gdams ngag sna tshogs 'khor lo'i rgyud phyi ma