| | e-texts navigator
|
156a1 བསྟོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་རེག་པའི་རྒྱལ་པོ་ཀུན་ཏུ་བཟང་པོ་དེས་རྡོ་རྗེ་སེམས་དཔའ་ལ་རྒུད་དང་མན་ངག་གི་དོན་གཏད་པ། ཧུ~ཾ་ཀྱི་རིག་པའི་སྒྲས་ཐ
156a2 ཆེན་པོས་ཆུད་འདི་ཟུང་། སྒྲ་དང་ཆོག་ཕྱིར་མ་འབྲེངས་དོན་གྱི་གཏེར།། ཡང་དག་དོན་ཆེན་གསང་བའི་ཆུད་མཆོག་འདི།། ང་ཡི་ཐུགས་བརྟོལ་དགོངས་པའི་བཅུད་བྱུང་ནས།། རྒྱ་མཚོ་ལྟ་བུར་གཏིང་ཟབ་དཔག
156a3 དཀའ་དོན།། ཀུན་དང་ཀུན་གྱི་ཐུན་མོང་མ་ཡིན་པས།། ཉིད་ལས་མི་གཞན་ཁྱད་མེད་འཁོར་རྣམས་ལ།། ཁྱབ་པར་སྟོན་ཅིག་སེམས་དཔའ་རྡོ་རྗེ་ཁྱོད།། སྣོད་ལྡན་ལས་འཕྲོ་ཡོད་པའི་གང་ཟག་གམ།། རིག་པ་སྒྲ
156a4 བླུགས་ཤར་བའི་གང་ཟག་ལ།། ཐེ་ཚོམ་ཡིད་གཉིས་མེད་པར་མྱུར་དུ་སྟོན།། ཞེས་གསུངས་པས།། ཉིད་ལས་མི་གཞན་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རང་བར་གྱུར་ཏོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ
156a5 ཤར་བའི་རྒྱུད་ལས། རྒུད་གཏད་པ་དང་རྗེས་སུ་ཡི་རང་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ཀུན་ཏུ་བཟང་པོ་རིག་པ་རང་གི་རྩལ་ཤར་བའི་ཆུད་ལེའུ་བཅུ་བཞི་པ་རྫོགས་སོ།། ཤྲཱི་སིདྡྷ་དང་བེ་རོས
156a6 བསྒྱུར་བའོ།། བར་འདིར་རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོ་འཛུད།།
iiif viewer powered by OpenSeadragon
155b - 156b