| | e-texts navigator
|
379b1 མཐའ་གཅིག་ཡིན།། ཞེས་གསུངས་སོ།། སྙིང་པོ་རྡོ་རྗེ་རིན་པོ་ཆེ་ཐམས་ཅད་གཅིག་པའི་རྒྱུད་ལས།། གྲུབ་མཐའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཉོན་ཅིག་རྡོ་རྗེ་དྲག་མོ
379b2 ཁྱོད།། སྙིང་པོ་ཆོས་མིན་སྐུ་གསུམ་ལས།། ཐུགས་རྗེ་ཡེ་ཤེས་རང་བྱུང་བསྟན་པ་ནི།། དཔེར་ན་སྟོན་ཀའི་ཉི་མ་སྤྲིན་དང་ཆར།། བྱིན་གྱི་རླབས་ཀྱིས་འབྱུང་བ་ཡིན།། ལུས་དང་ཡན་ལག་ཉིད་ལག་བཞིན།། ལུས་དང
379b3 དབང་པོ་རྣམ་ཤེས་འདྲ།། ཆོས་སྐུ་ནམ་མཁའ་ལུས་དང་ཉིད།། ཆོས་སྐུ་ཆོས་མིན་རྡོ་རྗེ་འཆང་།། གཡོས་པ་མེད་པའི་མྱ་ངན་འདས།། མཛད་པ་མེད་པའི་བྱིན་རླབས་འབྱུང་།། ལོངས་སྐུ་འོད་དང་སྤྲིན་དང་ཡིན།། སྤྲིན
379b4 འདུས་འོད་གསལ་ཡན་ལག་ལྔ།། ཐིག་ལེ་ཆོས་མིན་རྡོ་རྗེ་འཆང་།། སྦྲུལ་སྐུ་ཆར་དང་ཟེར་དང་ཉིང་ལག་འདྲ།། གང་ལ་གང་མོས་ཅི་ལ་ཅིས་འདུལ་བཞིན།། མཛད་པའི་ཕྲིན་ལས་འགྲོ་དོན་སྣ་ཚོགས་མཛད།། ཐེག
379b5 པ་སྣ་ཚོགས་རྡོ་རྗེ་འཆང་།། ལུས་ངག་ཡིད་གསུམ་དགེ་བཅུར་འཛུད།། ཡི་གེ་འབྲི་ཀློག་ལ་སོགས་ཏེ།། རྒྱུ་དང་ཡེ་ཤེས་ཚོགས་ལ་བསྐུལ།། དབང་པོ་རབ་འབྲིང་ཐ་མ་ལ།། རང་རང་བློ་དང་སྦྱར་ཏེ་འཁྲིད།། བླ་མེད
379b6 སྙིང་པོ་ཡང་གསང་འདི།། དེ་ལ་གདུང་བཞིན་བསྙེན་བསྒྲུབ་བཞི།། དམ་ཚིག་རྣམ་གསུམ་སྐུ་གསུང་སྐུ།། ཡན་ལག་བཅུ་གཉིས་གསང་སྔགས་དོན།། ཕྲིན་ལས་རྣམ་བཞི་འགྲོ་བའི་དོན།། མཆོད་པའི་བྱེ་བྲག་ཕྱི་ནང
iiif viewer powered by OpenSeadragon
379a - 380a