| | e-texts navigator
|
35b1 ཅེས་བྱ་བ་གསང་བའི་ཐེམ་རྫོགས་སོ།། །། སྠཱི། སྔགས་ཀྱི་སྲུང་མས་སྲུངས་ཤིག་དམ་ཚིག་དང་མི་ལྡན་པ་སྐལ་བ་མེད་པ་རྣམས་ལ་བྱིན་ན། ཞའི་མགོན་པོས་ཆད་པ་བཅད་ནས། མིག་འབྲས་ཟང་ལ་བྲུལ
35b2 ནས། ཚེའི་དུས་བྱེད་པར་འགྱུར་རོ།། དེས་ན་རབ་ཏུ་གསང་ངོ་།། ལས་ཅན་གཅིག་དང་འཕྲད་པར་ཤོག། འདི་མཚམས་ཁྲོས་ནག་གསང་བ་སྙིང་རྒྱུད། ཚངས་པ་སྦལ་ནས་གསུང་བའི་རྒྱུད། ཡང་སྦྲུལ་མུ་སྟེགས་བདུད་དུ་སྤྲུལ་ནས་གསུངས་པ་བཅས
35b3 ཚན་གསུམ་འཛུད།། །། @#།། རྒྱ་གར་སྐད་དུ།། ཏི་ལ་ཀ་སརྦ་པྲ་ཀ་ཊ་མ་ཧཱ་ཏ་ན་ཏྲ་ནཱ་མ།། བོད་སྐད་དུ། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་ཐམས་ཅད་མཁྱེན་པའི་སྐུ་ལ
35b4 ཕྱག་འཚལ་ལོ།། རཱ་རའི། སུམ་ཅུ་རྩ་གསུམ་རྣམ་པར་རྒྱལ་བའི་ཁང་བཟང་ན་ལྷའི་དབང་པོ་བརྒྱ་བྱིན་ལ་ལྷ་བྲན་རྣམས་ཀྱིས་བསྐོར་བས་བཀའ་བགྲོས་ཏེ། ལྷ་མ་ཡིན་གྱི་གཡུལ་ངོ་བཟློག་པའི་མན་ངག། ཨ་ཧཾ་ཀ་ར
35b5 བྷཱུ་ཏ་ཊ་དྷརྨཱ་སྠ་སཱ་ར་ཏུ་པ་ཨཱ་པཱ་ཡ་ཨཱ། རྒ་གྲ། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡེ་ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ་དེས། རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོའི་སྐུར་རྫོགས
35b6 ཏེ།། རྣམ་དག་པདྨའི་ཚལ་ན། རིན་པོ་ཆེའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ།། ཉི་མ་དང་ཟླ་བས་བརྒྱན་ཞིང་ནང་ཡེ་ཤེས་ཀྱི་འོད་དུ་རྣམ་པར་གསལ་བ།། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོའི་སྦུབས། གདན
iiif viewer powered by OpenSeadragon
35a - 36a