| | e-texts navigator
|
186a1 བཅད།། བརྗིད་པའི་ཁྲོ་གཉེར་བཟློག་པས་བདུད་དཔུང་ཟིལ་གྱི་མནན། ཁྱུང་ཆེན་མཁའ་ལ་ལྡིང་བས་སྤྱི་རྒྱ་རླབས་ཀྱིས་གཅོད།། མཁའ་གསལ་ཉི་མ་ཤར་བས་མུན་ལས་སྣང་བར་འགྱུར།། ཆོས་ཉིད
186a2 རྒྱ་མ་ཆད་པས་ཟད་ཅིང་སྟོངས་པ་མེད།། རིག་པ་དབྱིངས་ན་གསལ་བས་ཐུགས་རྗེ་དབྲི་བཀོལ་མེད།། ཡེ་ཤེས་སྤྱན་དང་ལྡན་པས་ཅིར་ཡང་ས་ལེ་མཁྱེན།། ལུས་ངག་ཡིད་གསུམ་དང་བས་དད་པའི་མཆོག། སྐུ
186a3 གསུམ་ཐུགས་ཀྱི་ངང་དུ་མཆོད་པར་བཞེས།། ཞེས་བསྟོད་པའོ།། དུར་ཁྲོད་ཀྱི་བདག་པོ་ཁྲོ་བོ་རྣམ་པར་མི་འཁྲུགས་པ་ཞེས་བྱ་བས། སེང་གེ་རྣམ་པར་འགྱིངས་པའི་མདོ་གསུངས་པའོ།། པདྨ་འཁྱིལ་པའི་རྒྱུད་ལས།
186a4 སེང་གེ་རྣམ་པར་འགྱིངས་པའི་མདོའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་རྡོ་རྗེ་སེམས་དཔའི་མཚན་ཡང་དག་པར་རྫོགས་པའི་མདོ་འདི་གསུངས་སོ།། འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་ཕྱག
186a5 འཚལ།། འདས་པའི་དུས་ན་སྔོན་བྱུང་བ།། སངས་རྒྱས་རིན་ཆེན་ཟ་མ་ཏོག། ཆོས་དབྱིངས་རྣམ་དག་སྤྲོས་མེད་དང་།། མི་གནས་ཡེ་ཤེས་རང་བྱུང་བ།། ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ།། བསམ་འདས་བརྗོད་མེད
186a6 ཁྱབ་པའི་དབྱིངས།། ཡེ་ཤེས་དོན་གྱི་གཞི་མ་ཡིན།། ཚིག་གསུམ་འབྱུང་བའི་བྱང་ཆུབ་སེམས།། ཡེ་ཤེས་རྡོ་རྗེ་མཐའ་ཡས་པས།། ཆོས་ལ་དབང་བསྒྱུར་རྫུ་འཕྲུལ་ཆེ།། སྐྱེ་མེད་གདོད་ནས་དག་པའི་ཕྱིར།། མི་འགྱུར
iiif viewer powered by OpenSeadragon
185b - 186b