e-texts navigator
Collection
Volume
Page
Wylie

183b1 པུརྞའི་ནགས་ཚལ་དུ་ཡེ་ཤེས་ཉི་མ་རང་སྣང་བར་བྱས་ཏེ། བདུད་སྡེ་བཞི་ལ་ཡེ་ཤེས་བཞིའི་རྒྱས་བཏབ་པོ།། གསང་གབ་སྦས་པའི་མན་ངག་དམ་པའོ།། པདྨ་འཁྱིལ་པའི་རྒྱུད་ལས། སཱ་ལུ་ལྡང་པའི་ལེའུ་སྟེ་བཅུ
183b2 བདུན་པའོ།། །། དེ་ནས་རྡོ་རྗེ་འཆང་གིས་རྟག་པའི་མཐའ་སེལ་འདི་གསུངས་སོ།། རིག་པའི་ཡེ་ཤེས་ལས་ཀྱིས་དབང་དུ་གྱུར་ན། རང་བྱུང་གི་ཡེ་ཤེས་མེད་པར་བསྟན་པ་རིག་པའི་རྡོ་རྗེ་ཡང་འཇིག་བྲལ་མེད
183b3 པ་རྒྱུ་རྐྱེན་མེད་དེ། མ་བྱས་མི་བྱེད་བྱར་མེད། རིན་པོ་ཆེ་ལ་འཕེལ་འགྲིབ་མེད་པས་འབྱུང་སྣང་ཟག་པ་མེད་ཤེས་པ་རྒྱུན་འགག་མེད་པས་བདག་ཏུ་རྟོག་པའི་བློ་བྱུང་། ཐིམ་དེ་ཉིད་རང་དང་ནམ་མཁའ་ཆེ་ལུང་ངེས
183b4 པའི་དེའི་ངེས་པ།། ཅི་སྟེ་ལས་ཀྱི་དབང་གྱུར་ན།། རང་བྱུང་ཡེ་ཤེས་ཡོད་མ་ཡིན།། ཀུན་ཏུ་བཟང་པོ་ཁྱོད་ཕྱག་འཚལ།། རྩོལ་བ་དང་བྲལ་བའི་ཆོས་ཀྱི་སྐུ་ལ།། ལས་རྒྱ་མཚོ་མཉམ་བཞག་ཏུ་མེད་དེ། ཉི་མའི་སྙིང་པོ
183b5 ལ་མུན་པ་གཞི་ནས་མེད་པས། ད་ལྟ་ཡང་མི་སྣང་ཕྱིས་ཀྱང་མི་འབྱུང་ངོ་།། ཉི་མ་རང་དག་པར་ཟེར་ལ་ཟད་པ་མེད། ཟེར་མ་ཟད་པས་འོད་ལ་འགག་པ་མེད་དོ།། མན་ཤེལ་ལ་དྲི་མའི་སྐྱོན་མེད་པས། སྣོད་ཀྱི་རྐྱེན
183b6 གང་དང་གང་གི་ངོ་བོ་དེ་ལྟར་སྣང་། སྣང་བའི་དུས་དེ་ཉིད་ན་རང་གི་ངོ་བོ་ལ་སྐྱོན་ཞེན་མེད་པས། སྣང་བའི་དུས་ན་སྐུ་དང་ཡེ་ཤེས་སྣང་བར་ཟད་དོ།། རང་དག་གསལ་སྣང་སྣང་བ་དུ་མ་མ་འགགས་པས་དུ་མ་རང




iiif viewer powered by OpenSeadragon

183a - 184a

Texts on this page

Gpb006.007 - sku'i rgyud pad+ma 'khyil pa