e-texts navigator
Collection
Volume
Page
Wylie

172a1 ཀྱི་རྒྱལ་པོ་ལ་ཕྱག་འཚལ་བ་ནི་མི་འཁྲུགས་པའི་སངས་རྒྱས་ལ་མ་བྱས་པའི་ཆོས་བསྟན་པའོ།། ཞེས་རྡོ་རྗེ་སེམས་དཔས་ལུས་ཀྱི་ཀུན་གཞི་གསུངས་སོ།། དེ་ནས་རྡོ་རྗེ་སེམས་དཔའི་མན་ངག་ཚིག
172a2 གསུམ་གྱིས་སྣོད་བཅུད་ཀྱི་ཆགས་ལུགས་བསྟན་ཏེ། རིག་པ་རང་བྱུང་གི་སྐད་ཅིག་མ། རྒུན་འདབ་སྦྱོར་སྐྱེ་བའི་དབང་གིས། ཤེས་པ་བརྒྱད་མར་བྱུང་བ་ནི་གཞི་སྟེ། ཆོས་དང་བག་ཆགས་གཉིས་མེད་འབྲས་ཤིང
172a3 མཚུངས། རྒྱུ་གཅིག་པ་དང་འབྲས་བུའི་ཚུལ་བྱིན་གྱིས་བརླབས་པ་དང་། མངོན་སུམ་པའོ།། དེའི་དུས་ནི་འཇིག་རྟེན་སྐོས་ཀྱི་བདག་གིས་སྣོད་བཅུད་དུས་ཀྱི་ཆ་བཟུང་བ་དྲུག་སྟེ་ལོ་ཟླ་བ་གཉིས། ཞག་ཟ་མ་གཉིས།།
172a4 དུས་ཚོད་ཚེས་གྲངས་གཉིས་ཏེ་དྲུག་གོ། འཇིག་རྟེན་གྱི་མེས་པོ་རྣམས་ནི། ཁྱབ་འཇུག་དང་ཚོགས་བདག་གཉིས། འཇིག་རྟེན་གྱི་ཕྱི་མོ་གཉིས་ནི། གཞོན་ནུ་མ་དང་དབང་མོ་གཉིས། ཡོད་པར་བྱེད་པ་ནོར་གྱི་ལྷ་དང་།
172a5 མེད་པར་བྱེད་པ་བིཥྚ་རཱ་ཛ་གཉིས་དྲུག་གོ། དེ་རྣམས་ཀྱི་པུ་ཎ་ཀ་སིདྡྷའི་ནགས་ཚལ་དུ། མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་ལ་ཞུས་ཏེ། མཉྫུ་ཤྲཱི་ལྟེ་ཧུ་ལི་ཀ་ཧཱི། དྷ་རཱ་ཛ་བ་རི་མཉྫུ་ཤྲཱི་བྷྱཿ། ཞེས་ཞུས
172a6 པས། དྷ་ཧུ་ལི་ཀང་ཀོ་ར་ལི་ས་དྷ་ན་ད་ར་ན་ཧི། ཞེས་ལུང་བསྟན་ཏོ།། མན་ངག་ཚིག་གསུམ་གསུངས་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་སྐུ་གསུམ་བསྲེ་བའི་མན་ངག་གིས་ཆོས་ཐམས་ཅད་ཡེ་ཤེས་ཀྱི་སྙིང་པོ་ལ་ལ




iiif viewer powered by OpenSeadragon

171b - 172b

Texts on this page

Gpb006.007 - sku'i rgyud pad+ma 'khyil pa