e-texts navigator
Collection
Volume
Page
Wylie

171a1 བརྟགས་པ་མ་རྟོགས་པས། སྲིད་པ་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་སྨིན་ནོ།། དེས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱིས་བསྒྲིབས། རྣམ་པར་སྨིན་པའི་རྒྱུ་མཐུན་པའི་འབྲས
171a2 བུ་གོས་དྲེག་གམ། ས་ལ་ཁ་བ་བབས་པ་བཞིན་བརྩེགས་པས།། གཞི་ཆོས་ཀྱི་སྐུ་ལ་ཀུན་གཞི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསླད་དེ། ཤེས་རབ་ཀྱི་གཏིང་ཟབ་ཅིང་ཆ་ཕྲ་བ་ནི་བརྟག་དཀའ། ཉོན་མོངས་པ
171a3 རགས་ཤིང་ཡུལ་དུ་སྣང་བའི་དབང་གིས་ཁམས་གསུམ་དུ་འཁོར། རིག་པ་དྲན་བྱེད་ཀྱི་ཤེས་པ་ནི་འོད་ཀྱི་ཚུལ་དུ་གནས་སོ།། ཚད་ནི་ཉའི་མིག་ཙམ་མོ།། དེ་ལས་དྲོད་ཀྱི་དངས་མ་རྡུལ་ཙམ། དེ་ལས་ཁྲག་གི་དངས་མ
171a4 དེ་ལས་དབུགས་ཀྱི་དངས་མ་ཆགས་སོ།། ཁྲག་གི་དངས་མའི་ཁ་དོག་ཀྱང་། མཚལ་ལྕོག་ལ་མ་བཅག་པ་འདྲ་བ། ཆེ་ཆུང་གི་ཚད་ནི་བྱེའུ་ལེན་པའི་མགོ་ཙམ་མོ།། དེ་ལ་ཉོན་མོངས་པ་འདོད་ཆགས་རྒྱུའོ།། དབུགས་ཀྱི
171a5 དངས་མ་དྲོད་ལ་གནས་པ་ནི། དྲོད་ནི་ཁ་དོག་དང་རྫས་སུ་སུ་མ་གྲུབ་བོ།། དྲོད་ཆེ་ཆུང་གི་ཚད་ནི་གསེར་ས་འོག་ཏུ་བཅུག་པའི་རླངས་པ་ཙམ་མོ།། དེ་ལ་ཉོན་མོངས་ཕྲག་དོག་རྒྱུའོ།། དང་པོ་ཤེས་པ་དྲན་བྱེད་ཀྱི་ཚོར
171a6 བ་ལས། རང་བྱུང་གི་ཡེ་ཤེས་ཤར་བ་ལ། ཆོས་ཉིད་རང་བྱུང་གི་རྩ་ཞེས་བྱ་སྟེ། དེ་ཡང་སྒོ་ལྔ་ལ་བརྟེན་པའོ།། དེ་ལ་འཛིན་པའི་ཉོན་མོངས་པ་གང་ཡང་མ་སྐྱེས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ས་ཞེས




iiif viewer powered by OpenSeadragon

170b - 171b

Texts on this page

Gpb006.007 - sku'i rgyud pad+ma 'khyil pa