e-texts navigator
Collection
Volume
Page
Wylie

169b1 མཉམ་པའི་སྤྱོད་པ་ཀློང་དུ་བརྡལ་བའོ།། རྡོ་རྗེ་སེམས་དཔའ་ཐུགས་རྣམ་པར་དག་པ་གསུང་ངོ་།། རྡོ་རྗེ་སེམས་དཔའི་མན་ངག་གི་ལུང་ངེས་པ་འདི་ལ་གསུམ་སྟེ། སྙིང་པོ་ལ་སྙིང་པོ་ཤར་བས་སྙིང་པོ་ཁྱབ་གད་ལ། མི
169b2 འགྱུར་བ་ཀློང་ཡངས་པས་མཐའ་དབུས་སུ་བསྡུའོ།། དབུས་རྒྱ་མ་ཆད་པས་འབྲས་བུ་དཀའ་ཐུབ་དག་པའི་ཡེ་ཤེས་རང་སྣང་ངོ་།། དེའི་ཕྱིར་ཕུགས་གཏིབ་བོ།། རྩེར་ཆི་བ་ལྷུན་གྱིས་གྲུབ། འཁོར་བ་ལོགས་ན་མེད། རྩ
169b3 བཉག་གཅིག་ཏུ་ཟག་བཅད། རྡོ་རྗེ་སེམས་དཔའི་གསུང་གི་རྣམ་པར་དག་པའོ།། པདྨ་འཁྱིལ་པའི་རྒྱུད་ལས། དུས་མཉམ་བདུན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་རྡོ་རྗེ་སེམས་དཔའི་སྐྱེ་རྒྱུད
169b4 གསུངས་པ། ཆོས་སྐུ་མཁའ་འགྲོ་གཟུགས་སྐུ་མཛེས་དགུར་ལྡན།། གཟུང་འཛིན་རྟོག་མེད་ཅིར་ཡང་ས་ལེ་མཁྱེན།། ཀུན་མཁྱེན་འགག་མེད་ཡེ་ཤེས་ནམ་མཁའ་འདྲ།། བྱ་བྲལ་ལྷུན་རྫོགས་མ་བཅོས་བདེ་བའི
169b5 དང་།། ངོ་བོ་ཉིད་ལ་གནས་པ་ཡིན།། མཁྱེན་པའི་ཡེ་ཤེས་སྐུ་མངའ་བ།། མ་བཅོས་མཁའ་འདྲ་ལྷུན་རྫོགས་སྐུ།། མི་བསྐྱོད་དབྱིངས་ནས་རང་བྱུང་བས།། སངས་རྒྱས་རིན་ཆེན་ཟ་མ་ཏོག། ཚིག་གསུམ་འབྱུང་བ་བཞི
169b6 ཡི་གཏེར།། གཞན་གྱིས་མ་ཡིན་རང་བྱུང་སྐུ།། སྙིང་པོ་ཁྱབ་གད་ལ་མཉམ་པའི་དབྱིངས།། སྣང་བ་ཆོས་ཉིད་མ་བཅོས་བཞི།། འགགས་མེད་མེ་ལོང་ཡེ་ཤེས་གཞལ་ཡས་ཁང་།། སྣང་མེད་མཁའ་ལ་འཇའ་ཚོན




iiif viewer powered by OpenSeadragon

169a - 170a

Texts on this page

Gpb006.007 - sku'i rgyud pad+ma 'khyil pa