e-texts navigator
Collection
Volume
Page
Wylie

162a1 ཞེས་བྱ་བ། རིག་འཛིན་བརྡའི་བརྒྱུད་པ།། སྒྲ་ཟད་ལོག་ཏུ་བསྟན་པ་རྡོ་རྗེ་སྤྱན་གཅིག་པའོ།། པདྨ་འཁྱིལ་པའི་རྒྱུད། བརྒྱུད་པ་གསུམ་པ་ཞེས་བྱ་བ་ལས། དུས་གསུམ་གྱི་སངས་རྒྱས་དགོངས་པས
162a2 བརྒྱུད་པ་དང་། རིག་འཛིན་རྣམས་རིག་པ་བརྡས་བརྒྱུད་པ་བསྟན་པའི་ལེའུ་སྟེ་དང་པོའོ།། །། ཨཱརྱ་པྲཛྙཱ་ཙཀྵུ་རཉྫ་པ་ཙ་ཏནྟྲ་ན་མ། དེ་ནས་རིན་པོ་ཆེ་གསེར་མིག་ལ་སོགས་ཏེ། དོན་སྐོར་ལྔའི་མན་ངག
162a3 གསུངས་པ་ནི།། བཅོམ་ལྡན་འདས་མཉམ་པའི་ཆོས་ཉིད་ཞི་བ་ལས་མ་གཡོས་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་གཟུགས་ཀྱི་སྐུ་དཔལ་རྡོ་རྗེ་སེམས་དཔའ་ལྟ་བུར་སྤྲུལ་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ
162a4 ཤེས་རྟོགས་པ་མངོན་དུ་གྱུར་པ་ནི་གདམས་ངག་རྣམ་པ་གཉིས་སུ་འདུས་ཏེ། དེ་མཚོན་པར་བྱེད་པ་གདམས་ངག་རྣམ་པ་ལྔ་ཚིག་དང་ཡི་གེའི་སྒོ་ནས་བསྟན་ཏོ།། དབང་པོ་རབ་འབྲིང་ཐ་མའི་དབང་དུ་དགོངས་ནས
162a5 ནང་སྐོར་དང་གསང་སྐོར་རྣམས། ཁ་སྐོང་དང་བཅས་པ་ནི་བླ་མའི་ཞལ་དང་དཀྱུས་སུ་སྦྱར་ནས་བཤད་དོ།། སླད་ཀྱི་ཚིག་གཉིས་ཀྱིས་ཞུས་ལེན་གྱི་སྒོ་དབྱེ། གཞུང་གི་ཚིག་བཞིས་མན་ངག་གི་ཀློང་བརྟོལ། མཇུག་གི
162a6 ཚིག་གསུམ་གྱིས་རྟོག་པའི་རྒྱ་བཅད། ཆེ་བའི་ཡེ་ཤེས་ཐུན་མོང་མིན་པའི་ཕྱིར་བཀའ་རྟགས་ཀྱི་ཕྱག་རྒྱས་གདབ། ད་ནི་གསེར་མིག་དྲིལ་ཏེ་བསྟན་པ་ནི། གསེར་མིག་རང་ལ་བཅར་ཏེ་བཤད། མཆོད་རྟེན་ལ་ཁྲི




iiif viewer powered by OpenSeadragon

161b - 162b

Texts on this page

Gpb006.007 - sku'i rgyud pad+ma 'khyil pa