| | e-texts navigator
|
150a1 མཚན་པའི་རྟགས།། ཐུགས་རྗེའི་ཞགས་པས་རྒྱུད་ཆེན་དགོངས་པ་ཡིན།། ཞེས་གཟུངས་སོ།། ཐིག་ལ་ཀུན་འདུས་ཆེན་པོ་ལས། མན་ངག་གི་ཟུད་བཤད་པ་ལན་དྲུག་པའོ།། ། རྟན
150a2 རུ་བཛྲ་རཀྵ་ཚེ་ཏི་ཀྲིང་ཀྲིང་ར་ཛཱ་ཨུ་མ་དེ་བ་ཛྙཱ་ན་ཀ་ལ་པྲ་སཾ་རཾ་ཨུ་དེ་ཤན་ཏནྟ་ཙ་རི་པྲ་ཏ་ཨ་ཏ་ཀ་ལ་ས་དྷཱ་ཨཿ། དེ་ནས་བཅོམ་ལྡན་འདས་དགོངས་པ་མི་འགྱུར་བའི་དོན་ལ་བཞུགས་སོ།། དེའི་ཚེ་གསང་བའི་བདག
150a3 པོས་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། རྒྱུད་ཀྱི་བུ་བཞི་སྤྱིའི་དགོངས་པ་བཤད་དུ་གསོལ། ཞེས་ཞུས་སོ།། སྟོན་པས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ལེགས་ཟུང་ཞིག། དྲི་མེད་དག་པའི་ཆོས་སྐུ
150a4 ལ།། ཡོན་ཏན་སྣང་བ་མི་འགག་པ།། འཁོར་དང་མྱ་ངན་འདས་པར་སྣང་།། རང་ཉིད་མ་གཡོས་གོས་པ་མེད།། དེ་ལ་སྐྱེ་འགག་འགྱུར་མེད་པ།། རྩ་བའི་རྒྱུད་ཆེན་ལྔ་ཡི་དོན།། དེ་མཚོན་ཚིག་རྒྱུད་རྣམ་པ་ལྔ།། སྐུ
150a5 གསུམ་རྒྱལ་པོ་བཤད་ལུགས་གསུམ།། སོ་སོའི་འཁོར་ལ་གནས་སུ་གསུངས།། མཚོན་པའི་རྒྱུད་ལ་ངེས་ཤེས་བསྐྱེད།། རྒྱུད་ལྔ་དོན་གྱི་སྙིང་པོ་ནི།། སྐུ་གསུམ་འདུ་འབྲལ་མེད་པར་བཤད།། སངས་རྒྱས་བདག་ཉིད
150a6 སྟོན་པ་ཡིས།། སྐད་ཅིག་གསུམ་ལ་རྣམ་གྲོལ་བའི།། སོ་སོར་རྟོག་པའི་ཡེ་ཤེས་ཅན།། སངས་རྒྱས་བདག་ཏུ་འདུ་བར་བསྟན།། ཤེས་རབ་ཏིང་འཛིན་དབང་གྱུར་པས།། གཞི་ལ་གནས་ཏེ་ལྷག་མཐོང་མེད།། བྱང
iiif viewer powered by OpenSeadragon
149b - 150b