| | e-texts navigator
|
92b1 པ་ཡིས།། ལོངས་སྤྱོད་རྫོགས་པའི་བསྒྲུབ་པ་དང་།། སྦྲུལ་སྐུའི་ས་བོན་འབྱུང་བཞི་ཡི།། སྒྲ་དོན་རྣམས་ལ་བསླབས་ནས་ནི།། གོམས་པས་སྦྲུལ་སྐུ་བསྒྲུབ་པའོ།། གཞན་ཡང་མེ་ཡི་ལས་མཐའ་བཤད།། ཁ་དོག་གིས་ནི
92b2 རྣམ་ཕྱེ་བ།། དཀར་གསལ་འཇམ་ན་ཞི་བ་འགྲུབ།། སེར་ཕྲ་རིང་བ་རྒྱས་པ་འགྲུབ།། དམར་དངས་འཕྲོ་བ་དབང་གི་ལས།། སྔོ་ཞིང་གནག་ཐུང་དྲག་པོ་འགྲུབ།། སྣ་ཚོགས་ཆད་ཅིང་འཁྱིལ་པ་ན།། སྣ་ཚོགས་ལས་ཀྱི
92b3 བྱེ་བྲག་འགྲུབ།། ཤིན་ཏུ་ཕྲ་ན་ལྷུང་བར་འགྱུར།། ཆད་ཅིང་དྲག་ན་བར་ཆད་འབྱུང་།། མཆེད་ཀ་མེ་ལྕེ་དུ་བར་ལྡན།། དམ་ཚིག་ཉམས་པར་འགྱུར་བའོ།། སྒྲ་ཡི་རྣམ་པར་ཕྱེ་བ་ནི།། ལྷབ་ལྷབ་གསུམ་བཏུད་སྤར་སྤར
92b4 མང་།། སྣ་ཚོགས་པ་ནི་འགྲུབ་པའོ།། དྲག་དང་འཚིག་ན་དྲག་པོ་ཉིད།། འུར་ཞིང་ཐུག་ན་ཞི་རྒྱས་གཉིས།། གཤང་ཞིང་བསིང་ན་མཆོག་འགྲུབ་པའོ།། གཞན་ཡང་ཆུ་ཡི་ལས་མཐའ་བཤད།། ཁ་དོག་ངེས་པའི་རྟགས
92b5 ཉིད་ནི།། དཀར་བ་ལ་སོགས་བཞི་ཡིས་ནི།། ཞི་བ་ལ་སོགས་འགྲུབ་པར་ངེས། ཁམ་ནག་རྩུབ་ཅིང་འཁྱིལ་པ་ན།། རྣལ་འབྱོར་པ་ཡིས་དོན་མི་འགྲུབ།། དཀར་གསལ་འཕྱར་དང་འགྱུར་བ་ན།། མཆོག་གི་དངོས་གྲུབ
92b6 ངེས་འཐོབ་བོ།། སྒྲ་ནི་གཤང་དང་བསིང་བ་དང་།། ཤ་དང་འུར་ཞིང་ཐུག་པ་ཡིས།། ཟས་དང་གོས་དང་འབྲས་བུ་འགྲུབ།། སིར་དང་སིལ་དང་ལྷབ་པ་ཡིས།། སྐུ་གསུམ་སོ་སོའི་བདེ་ཐོབ་པའོ།། གཞན་ཡང་ས་ཡི
iiif viewer powered by OpenSeadragon
92a - 93a