e-texts navigator
Collection
Volume
Page
Wylie

2a1 གཏན་ལ་ཕབ་པའོ།། འདི་ནི་ངས་བསྟན་ང་ཡིས་སྟོན།། ངས་ནི་ཕྱིས་ཀྱང་སྟོན་པའོ།། འདི་སྐད་བདག་གིས་ཟོས་པའི་ཐུན་མོང་གི་གླེང་གཞི་དུས་གཅིག་ན། མི་རྟོག་གནས་རང
2a2 སྣང་ཆོས་འབྱུང་གཞལ་ཡས་ན།། མི་འགྱུར་སྟོན་པ། ཐུགས་རྗེ་ཆེན་པོའི་སྐུར་ཤར་བ།། རྡོ་རྗེ་འཆང་ཆེན་བཅོམ་ལྡན་གདུལ་བྱ་འཁོར། དྲུག། རིགས་དྲུག་སྐྱེ་གནས་དག་པར་བྱ
2a3 པབའི་ཕྱིར།། སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་དང་།། ལྷ་དང་མི་སོགས་སྐལ་དང་ལྡན་པ་དང་།། གདུལ་བྱའི་འཁོར་ནི་བསམ་གྱིས་མི་ཁྱབ་དང་།། མི་གནས་ཆེན་པོ་རང་གི
2a4 བསམ་གཏན་ལས།། འབྱེད་པ་མེད་པའི་ཚུལ་གྱིས་མཉམ་པར་བཞུགས།། དེ་ནས་འཁོར་དུ་འདུས་པ་དེ་ནས་ནི།། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་གསལ་བྱེད་ཀྱིས།། རྡོ་རྗེ་འཆང་གི་སྟོན




iiif viewer powered by OpenSeadragon

1b - 2b

Texts on this page

Gpb005.001 - dpal nam mkha' med pa'i sku gdung 'bar ba chen po'i rgyud