| | e-texts navigator
|
243a1 སོགས་པ་རྟགས་ཐིག་ལེ་སྟོང་པ་ལ་སོགས་པ་ལྔ་དོན་ལྔས་མཚོན་རིག་པ་དང་སྦ་ལ་སོགས་པ་པའི་ཚུལ་དུ་ཤར།། དབང་གྱི་ནང་གསང་བ་བཞི་ལྔ་བསྐུར་རྒྱུ་མེད་པའི་དོན་དབང་ལྔ་དམ་ཚིག་ལྔ་སྟེ་མེད་པ་ལ་སོགས་པ། ཕྱག་རྒྱ
243a2 ལྔ་ཡི་རྟེན་དུ་ཡེ་ནས་རྫོགས་པའོ།། མངོན་ཤེས་མིག་གི་ལ་སོགས་ལྔ་དང་གཟུགས་གཟུངས་ལྔ་ཆོས་མིང་བརྗོད་པའི་གཟུགས་པལྟ་བླ་མ་རིག་པ་ལ་སོགས་པ་དང་ནི་དྲན་སྔགས་ཀྱི་གནས་ལ་སོགས་པ་པ་ལྔ་ཡི་ངོ་བོ་རྫོགས།། དཀྱིལ
243a3 འཁོར་མི་སྤྱོད་ལ་སོགས་པ། ལྔ་དང་རིགས་རྡོ་རྗེའི་རིགས་པ་ལ་སོགས་ལྔ་དང་ནི་བདག་པོ་ལྔ་གཙོ་བོ་ལ་བྱ་ཡི་ལམ་དུ་རྣམ་པར་རང་དག་པའོ།། རྟོག་པ་ལྔ་ཕུང་པོ་ལྔ་གནས་སུ་དག་པ་ལ་བྱ་དང་ཤེས་རབ་ལྔ་སྡུད་བྱེད་ལ་སོགས་པའི་སྣང་བ་མཆེད་པ་ལ
243a4 དང་ལྷ་དག་གིས་སྤུ་ལྔ་ནི་སྣང་བར་ཡེ་རྫོགས་པའོ།། ཏིང་འཛིན་རང་བཞིན་གྱིས་དང་མི་རྟོག་པའི་བྱས་པའི་ཁྱབ་པའི་གནས་པའི་ལྔ་དང་རང་གནས་ལྔ་ཚོམ་བུ་ལ་སོགས་པ་དང་མི་རྟོག་ལྔ་སྤུའི་གཟུགས་ཆས་ལུས་ལ་མ་ཤོར་ནི་ཡང་དག
243a5 རྫོགས།། ལྟ་བ་ལྔ་རིགས་ལྔ་ཟད་ཀའི་སྡང་དང་སྒོམ་པ་ལྔ་རིགས་ལྔའི་རང་གནས་ཀྱི་བསམ་གཏན་སྟེ་སྤྱོད་པ་ལྔ་དང་ལྷ་ཚོགས་པའི་དཀྱིལ་འཁོར་རིགས་ལྔར་སྤྱོད། ལྔ་ཡི་རྩལ་དུ་རྫོགས་པར་སྣང་།། སྙིང་པོ་སྐུ་ལྔའི་རིགས་སྔ་མི་རྟོག་པ། ལྔ་དང
243a6 གདལ་བ་ལྔ་དེ་རེ་རེ་ལ་ཡང་སྒྲ་ལྔ་ལྔ་བསྐུར་བ་ནི་རང་དག་ཆེན་པོར་ཡེ་ནས་རྫོགས་པའོ།། ཀྱེ་མ་བྱང་ཆུབ་སེམས་དཔའ་གླང་པོའི་འོད་ཟེར་ཀུན་ཏུ་སྣང་བྱེད་ཁྱོད་ཉོན་ཅིག། དུས་གསུམ་བཞུགས་པའི་འབྲས་བུ་ངས་བསྟན
iiif viewer powered by OpenSeadragon
242b - 243b