e-texts navigator
Collection
Volume
Page
Wylie

238b1 མདའ་འཕངས་བཞིན།། སླར་ལ་བུརྩ་ལས་ལྡོག་པ་མ་ཡིན་ནོ།། ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་གསང་བ་ཆེན་པོ་ལས་གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་པ་ཞེས་བྱ་སྟེ་བཞི་པ་རྫོགས
238b2 སོ།། །། བྱོལ་སོང་གི་སྐྱེ་གནས་རྣམ་པར་དག་པའི་སྐབས་དེ་བཞི་པའོ།། །། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་ཆོས་ཉིད་མཉམ་པ་ཆེན་པོའི་རྒྱན་རྣམ་པར་རོལ་པ་ཞེས་བྱ་བའི་དགོངས་པ་ལ་མཉམ་པ་ཉིད
238b3 དུའབྱོལ་ཏོག་ཏུ་གནས་པར་གྱུར་ཏོ།། དེ་ཡིས་ཀྱང་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རྩོལ་བ་མེད་པར་རང་ཤར་ཡུལ་མེད་པར
238b4 རང་སྣང་། གཉེན་པོ་མེད་པར་རང་གྲོལ། བསླབ་པ་མེད་པར་རང་རིག། མ་བསྒྲུབས་པར་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་ལོ་ཀའི་འཁོར་རྣམས་ཀྱིས་ཀྱང་། སྟོང་པ་ཉིད་རང་ཤུགས་ཀྱི་སྤྱོད་པ་ལ་གནས་ནས། ཤེས་པ
238b5 རྣམས་ཅི་ནི་སྙམ་པའི་ཀློང་དུ་རང་བཞིན་གྱི་ཏིང་ངེ་འཛིན་ལ་རྔབ་ཅི་ཡང་མ་ཡིན་པའི། རང་དག་མ་བྱས་པར་རང་སངས། མབྱུང་བར་རང་སངས། མ་བཙལ་བར་རང་རྙེད་ནས་དྲན་པའི་རྒུན་རྣམས་དུས་གཅིག་ལ་ཆད་དོ།། བསམ
238b6 པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཅར་སྐད་ཅིག་མ་དང་དང་། རིམ་གྱིས་ཁད་ཀྱིས་དང་། ཐར་ཆགས་སེམས་སྦྱང་བ་ལ་སོགས་པ་དང་། ཐོད་རྒལ་དེ་ཉིད་དུ་དང་། ཐོག་མ་ཀ་ནས་ཡེ




iiif viewer powered by OpenSeadragon

238a - 239a

Texts on this page

Gpb005.008 - kun tu bzang po klong drug pa'i rgyud