e-texts navigator
Collection
Volume
Page
Wylie

234a1 མེད་རང་ངོས་གཞན་ངོས་གཉིས་ཀ་མི་བཏུབ་པ་བཞིན། ངེས་མཐའ་བྲལ།། དེ་ཕྱིར་དེ་ཡང་ཤེས་བྱ་ལས་ཡང་དག་མིན།། ཡང་ན་རྒྱུར་ངེས་འབྲས་བུ་གཏན་ནས་མི་འབྱུང་སྟེ་དེ་ལྟར་རྒྱུ་ལ་འབྲས་བུ་འབྱུང་བ་འབྲས་བུ་ལས་ཆུ་བྱུང་ན
234a2 ཁྱད་ཅི་ཡོད། ངེས་པར།། བདག་རྟག་པ་དང་ཁྱད་མེད་འགྱུར།། འདི་ཡང་ཤེས་བྱ་མ་ལགས་སམ།། གསུངས་པ་དེ་ཡང་གོང་དང་མཚུངས།། དེ་ནས་འདི་སྐད་ཡང་གསོལ་པ།། བསྒྱུར་དུ་བཏུབ་ཅེས་སྔར་གསུངས
234a3 པ།། རང་གི་གནས་ལུགས་བསྒྱུར་བཏུབ་ན།། འདི་ཡང་ངེས་པ་མེད་པར་མཚུངས། ཉེ་གནས་ལུགས་བསྔར་དུ་བཏུབ་ན་འབྲས་བྲལ་ཟུག་མེད་དུ་འགྲོ་བའི་སྨོན་སྤང་ངོ་།། འབྲས་བུ་ཉིད་ནི་སེམས་ཅན་གྱི་རྒྱུར་ལྡོག་ཕྱིར། འབྲས་བུ་ཆུད་ལྡོག
234a4 པས། འབད་པ་རྣམས་ལ་དགོས་མེད་པར།། ཡང་དང་ཡང་དུ་ལྡོག་པས་ནས།། བེམས་པོ་རྣམས་ནི་རིག་བཅས་སུ། དཔེར་ན་གཞི་འགྱུར་ན་བེམས་པོ་རྣམས་ད་ལྟར་རང་རིག་པ་ཅན་དུ་བསྐུར་དང་།། འགྲོ་བར་བཏུབ་པ་མ
234a5 ཡིན་བཞིན།། འདི་ཡང་ཤེས་བྱ་མ་ལས་ཉམས་སུ་བླང་བྱ་མིན་པ་ལགས་སམ།། གསུངས་པ་དེ་ཡང་དེ་བཞིན་ནོ།། བྱང་ཆུབ་སེམས་དཔས་ཡང་གསོལ་པ།། སྟོན་པས་གོང་དུ་ཁྲ་བོར་གསུངས། འདི་ཡང་གཞི་གཅིག་དང་སྐ
234a6 ཚུལ་ཐ་དད་དུ་སོང་བའི་སྐྱོན་སྤང་བར་མི་ནུས་ཏེ། དཔེར་ན་ཀ་བ་ཡང་ཡིན་སྣམ་བུ་ཡང་ཡིན་ཟེར་བ་དང་འདྲའོ།། ཀ་བ་ཡིན་ན་སྣམ་བུ་མིན།། འདི་ཡང་ཕྱོགས་དང་མི་འཐད་པས།། རྒྱུ་གཅིག་འབྲས་བུ་ཐ་དད་པས།། གང་གིས་ངོ་བོ་འདི་སྣང




iiif viewer powered by OpenSeadragon

233b - 234b

Texts on this page

Gpb005.008 - kun tu bzang po klong drug pa'i rgyud