e-texts navigator
Collection
Volume
Page
Wylie

215a1 ལྟར་གྱི་ཡེ་ཤེས་ལྔ་འདྲིས་པར་\ུ0f7fལམ་དུ་བྱེད་པ་ནི། གསལ་བས་གསལ་བའི་འོད་དུ་འདུས་པ་ཞེས་བྱ་བ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ།། འདས་པའི་ཤེས་པ་རྗེས
215a2 རིག་པ་ལ་ཡིད་ཆེས་བྱ། མ་འོངས་པའི་རིག་པ་ལ་སྣང་བ་གང་ནས་གོང་དུ་ཚད་བཟུང་། ད་ལྟར་གྱི་རིག་པ་རྡོ་རྗེས་སུ་ཆུད་ལ་མངོན་སུམ་དུ་བྱེད་པ་ནི། མ་ཡིས་བུ་བཟུང་བ་ཆོས་ཉིད་དབྱིངས་དང་དབྱེར་མེད་ཞེས་བྱ་སྟེ། དུས
215a3 གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ།། འདས་པའི་ཐིག་ལེ་ལ་ཆང་སྨོས་མེད་དུ་བཟུང་། མ་འོངས་པའི་ཐིག་ལེ་ལ་ལམདུ་བློ་གཏད། ད་ལྟར་གྱི་ཐིག་ལེ་རྣམས་དབྱིངས་ཀྱི་ནང་དུ་གཅིག་ཏུ་བསྡུ་བ་ནི་ཅག
215a4 གཅིག་གི་རྩ་བ་བཅད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱ་བ་ཡིན་ནོ།། འདས་པའི་དབྱིངས་རྒྱུན་ཆད་མེད་པར་དང་མཚམས་སྦྱར། མ་འོངས་པའི་དབྱིངས་དང་སྣང་བ་གོང་དུ
215a5 རྒྱ་བསྐྱེད། ད་ལྟར་གྱི་དབྱིངས་ནམ་མཛའི་དབྱིངས་དང་མིག་དང་རིག་པ་དང་ས་གཅིག་ལ་གནས་པ་ནི། རིག་པ་ཁྱིམ་དུ་ཆུད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འབྲེལ་བར་གནས་པ
215a6 ཞེས་བྱའོ།། འདས་པའི་སྒྲོན་མ་རྣམས་ལ་ཡིད་ཆེས་སྣ་གཏད། མ་འོངས་པའི་ཞིང་བལྟ་སྒྲོན་མ་རྣམས་ལམ་དུ་བཟུང་། ད་ལྟར་གྱི་སྒྲོན་མ་རྣམས་ལ་ཡང་ནས་ཡང་དུ་གསལ་གདབ་པ་ནི། སྟོང་པ་ཆོས་འབྱུང་གི་སྒྲོན་མ་རང




iiif viewer powered by OpenSeadragon

214b - 215b

Texts on this page

Gpb005.008 - kun tu bzang po klong drug pa'i rgyud