| | e-texts navigator
|
211a1 མ་སྣང་བ་ཅད་ཀྱི་མཛད་པ་མི་སྣང་བའི་ཚེ། ངའི་སྐུ་ཛཿ་ནི་ཕུང་པོ་ཐམས་ཅད་གཅིགཿབསྡུས་པ་ཞེས་བྱ་བ་མི་ཐར་སྣང་མི་འབྱེད། གསལ་བ། ཟས་མི་ལེན། སྒྲ་མི་འདོར། ཐམས་མི་རྟོག
211a2 ཡུལ། མི་འཛིན། འཕྲུལ་པ་མི་གནས། མི་རིགས་པ་འགྱུར། མི་མངོན། སྣང་བ།། མི་གསལ། སྟོང་པ་རྩོལ་བརླབ་མི་མཛད། ཐུགས་རྗེས་མི་གཏོང་། དྲན་རྟོག་མི་སེམས། བྲལ་མི་རིག་མི་འདུག་ཟང་ཐལ་མི་གཏོང་གསལ
211a3 བའི་སྣང་བ་རང་ཤར་ནས། ཡེ་ཤེས་ལྔའི་དབུས་གནས་སྟོང་པས་ཡུལ་གྱི་སྤྲོས་པ་མེད། རིག་པ་གསལ་བས་རྟག་ཆད་ལ་སོགས་ཡོད་མེད་མཐའ་ལས་འདས། ལྷ་སྒོམ་ཀུན་གྱི་ངོ་བོར།། དྲན་པས་མི་བརྗེད་གཟུངས་དང་ལྡན།། སྣང
211a4 བ་དབྱིངས་རིག་མངོན་སུམ་ཉིད་ཀྱི་ལམ།། མཚོན་ཚིག་དུ་བརྗོད་མེད་མའི་སྤྲོས་དང་བྲལ།། སྔགས་ལས་མ་བསྐྱེད་རྒྱུ་མེད་དག་པ་ཡེ་རྫོགས་ཉིད།། རྒྱུ་མ་རིག་པ་དང་རྐྱེན་དང་འབྱུང་བ་ཡོངས་སུ་བྲལ།། ལྟ་སྒོམ་བྱ་བཙལ་མེད
211a5 དྲི་མ་ཀུན་ལས་འདས། དབྱིངས་གཅིག་ཏུ། མཐའ་མེད་དབུས་སུ་དམིགས་པ་མེད།། སྣང་བ་སྒོ་ལྔའི་ཆ་མེད་ཅིང་ཡུལ་ཡང་མེད།། ལྷ་སྠ་མེད་སྔགས་ཀྱང་ཡོད་པ་མིན།། ཆོས་མེད་ཤེས་རབ་ཀྱི་བཏགས་པ་ཀུན་ལས
211a6 འདས།། དགྲ་མེད་བཤེས་ཀྱང་ཡོད་མ་ཡིན།། ལུས་མེད་གསུམ་དུ་ཡང་དབང་པོ་སྣང་བ་མེད། ཡང་དག་པར།། ཆོས་ནི་བསམ་པས་མི་སྣང་སྟེ།། གང་ཕྱི་མེད་གང་དུ་ནང་འཛིན་པ་སེམས་མེད། སྟོན་པ་ང་མེད་ང་ཡི་འཁོར
iiif viewer powered by OpenSeadragon
210b - 211b