e-texts navigator
Collection
Volume
Page
Wylie

208a1 བ་གསལ་བ། ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ།། ཡ་ན་ལག་རྒྱུད་ཆེན་རིན་ཆེན་སྤངས་པ། སྐུ་གདུང་འབར་བ་གཉིས་ཤེས་ན།། ངོས་བཞིར་བ་གམ་བཏགས་པ་འདྲ།། རྣལ་འབྱོར་གྲོལ་སྒྲོན་མ་འབར
208a2 བའི་རྒྱུད་ཤེས་ན།། རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ། རྒྱལ་སྲིད་སྤོང་བ་དང་། སྙིང་དང་འདྲ་བའི་རྒྱུད་ཀུན་ཏུ་བཟང་ཟེ་ཀློང་དྲུག་པ་ཤེས་ན།། དེ་ལ་སྒོ་མོ་དམ་བསྒྲིགས་པས་རྐུན་པོ་ལ་སོགས་གྲགས་མི་རྙེད་པ
208a3 འདྲ།། གསང་བ་རང་གཞུང་སྦ་བལ་འགྱུར་རྒུད་ཤེས་ན།། མཐའ་མ་ལྕགས་རིས་སྐོར་བ་པས་ཀྱིས་རྒོལ་བའི་དམག་གིས་མི་ཚུགས་པ་དང་འདྲ།། མཚོན་ཆ་ལྟ་བུའི་ནག་མོ་ཁྲོས་མའི་ཀླུད་ཤེས་ན།། གོ་ཞུབ་ལྡན་པའི་སྒོ་བསྲུང་ལ་དགྲ་བས
208a4 རྒོལ་མི་ནུས་པ་དང་འདྲ།། ཨེ་མ་དེ་ལྟར་རྒྱུད་ཀུན་ནི།། ངོ་མཚར་མཆོག་ཏུ་ཆེ་བས་ན།། དེ་ཡི་དོན་ཀུན་རྩ་བ་ཡན་ལག་གི་དོན་དུ་དབྱེ་བ་རྣམ་བཤད་བྱ།། དེ་ཡང་རྒྱུད་ཀྱི་རིམ་པ་ནི།། རྩ་བའི་རྒྱུད་ནི་རྫོགས་པ་རང་བྱུང་དང་མི་གེ་མེད
208a5 གཉིས་ཀྱིས་ནི།། ཆོས་ཀུན་དབྱིངས་རིག་གཅིག་པ་ཉིད་དུ་བཤད།། བཤད་རྒྱུད་རང་ཤར་རང་གྲོལ་མ་བུ་གཉིས་ཀྱིས་ནི། དབྱར་གྱི་ཤིང་།། ལོ་འདབ་རྒྱས་པའི་ཚུལ་དུ་བཤད།། ཡན་ལག་རྒྱུད་ནི་རིན་ཆེན་སྤངས་པ་སྐུ་གདུང་འབར
208a6 བགཉིས་དག་གིས།། རྒྱ་མཚོར་གཟའ་སྐར་ཤར་བཞིན་གསལ་བ་གཏིང་རྫོགས་སུ་བཤད།། ལུང་རིག་གསལ་བའི་རྒྱུད་སྒྲ་ཐལ་འགྱུར་དང་བཀྲ་ཤིས་མཛེས་ལྡན་གཉིས་ཀྱིས།། མེ་ཏོག་ཁ་བྱེའི་ཚུལ་དུ་བཤད།། མན་ངག་རྒྱུད་སྡེ




iiif viewer powered by OpenSeadragon

207b - 208b

Texts on this page

Gpb005.007 - mu tig rin po che phreng ba'i rgyud