| | e-texts navigator
|
207b1 རྒྱུད་མུ་ཏིག་ཕྲེང་བ།། སྦྲུལ་མདུད་ལྟ་བུར་རང་གྲོལ་རིག་པ་རང་གྲོལ་དང་ནི་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་དྲུག་པ་དང་། དབང་བྱིན་རླབས། ཆུ་རྒྱུན་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་དང་ནི་འགལ་བྱེད་ཆོམ་ལ་འབེབས་པ་སྤུ་གྲི
207b2 བུའི་རྒྱུད་ནག་མོ་ཁྲོས་མ་དང་།། རྒྱལ་པོས་རྒྱལ་ས་ཟིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ་དང་ནི་ཕྱུག་པོའི་བང་མཛོད་ལྟ་བུའི་དགོས་འདོད་རིན་པོ་ཆེ་སྤངས་པ་དང་།། དེ་ལྟར་རྣམ་པར་ཕྱེ་བས་ནི།། ཚིག་རྒྱུད་གསལ་བར་བྱེད་པའོ།། དེ་ཡི
207b3 དོན་རྣམས་རྣམ་ཕྱེ་བས། བཤད་ན།། རང་གི་གནས་ལུགས།། ངོ་བོ་ཉིད་ཀྱང་མན་ངག་ཁྲིགས་ཆགས་མཐོང་བར་འགྱུར།། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག། རྣ་གཏོད་ནས་ཉན་པར་བསྐུལ་བས། རྒྱུད་ཀྱི་སྙིང་པོ་རང་ཤར་རང་གྲོལ་དཔལ་ཡི་གེ་མེད
207b4 པཔགསུམ་ཤེས་ན།། རྒྱལ་བློན་འབངས་གསུམ་འཛོམ་པ་རྒྱལ་ཁམས་ལ་དབང་བསྐུར། འདྲ།། རྒྱུད་ཀྱི་དངས་མ་མེ་ལོང་གཉིས་ནོར་བུ་འཕྲ་བཀོད་གསུམ་ཤེས་ན།། རི་གསུམ་རྩེ་མོར་ཕྱིན་པ་ཐམས་ཅད་མཐོང་བ་འདྲ།། རྒྱུད་ཀྱི་མེ
207b5 ཏོག་གསུམ་མུ་ཏིག་ཕྲེང་བ། སེང་གེ་རྩལ་རྫོགས། བཀྲ་ཤིས་མཛེས་ལྡན། ཤེས་ན།། མཁའ་ལ་ཉི་མ་གསུམ་ཤར་བས་སྣང་བ་ཡང་གསལ་དུ་སོང་བ་དང་འདྲ།། རྒྱུད་ཀུན་སྡོམས་གཅིག་རྫོགས་པ་རང་བྱུང་ཤེས་པ་ན། མ་སྨིན་པ་སྨིན་པར་བྱེད་པ
207b6 དབང་།། མཁར་གྱི་འགྲམ་རྡོ་ལེགས་བཙུགས་འདྲ།། སྣང་བ་གཏིང་རྫོགས་ཛ་སྤྲོད་སྦས་པའི་རྒྱུད་ཤེས་ན།། རྩེ་མོ་འབྱོངས་པའི་མཁར་མཐོན་པོར་ལོངས་པ་དང་འདྲ།། ཡེ་ཤེས་གསུམ་ཟློག་ཉི་ཟླ་ཁ་སྦྱོར་རྒྱུད་ཤེས་ན། ནང་དུ་སྣང
iiif viewer powered by OpenSeadragon
207a - 208a