e-texts navigator
Collection
Volume
Page
Wylie

207a1 ཇི་ལྟར་ལགས།། གཙོ་བོ་ཉིད་ཀྱིས་སྔར་མ་གསུངས།། རིམ་པ་ཇི་ལྟར་བདག་ལ་གསུངས།། དེ་ནས་རྡོ་རྗེ་འཆང་སྟོན་པ་ཆེན་དེས། ཚིག་གི། རྒྱུད་རྣམས་རབ་ཏུ་འབྱེད་པ་ཡི།། ཏིང་ངེ་འཛིན་ལས
207a2 བཞེངས་ནས་ནི།། རྡོ་རྗེ་ཅན་ལ་འདི་སྐད་གསུངས།། ཨེ་མ་རྡོ་རྗེ་འཛིན་པ་ཉོན།། དེ་ཉིད་རྒྱུད་ཀྱི་དབྱེ་བ་བརྗོད་བྱ་མང་པོ་རྣམ་པར་བཤད་པར་བྱ། ཐབས་དང་རང་བཞིན།། དོན་རྒྱུད་དང་ནི་ཚིག་གི་རྒྱུད། རང་ཤར་ལ
207a3 སོགས།། དོན་ནི་སྔར་གོང་དུ་བསྟན་རིམ་པའོ།། རྩ་བ་དང་ཡན་ལག་གི། ཚིག་རྒྱུད་རིམ་པ་གསལ་བར་དབྱེ། འཁོར་བའི།། སྤྲོས་པའི་གཞི་མ་གཅོད་བྱེད་འཁོར་བ་ཡི།། དོན་རྣམ་ཚིག་རྒྱུད་ཀྱིས་འགྲོལ་བར་འགྱུར། ཟབ་ཅིང་རྒྱ
207a4 བར་སྟོན་པ། རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར་དང་ནི་ཉི་མ་ལྟར་གསལ་བ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་དང་། གཞན་གྱིས་ཟིལ་གྱིས་མི་ནོན་པ། སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས་དང་ནི་མི་འགྱུར་བ་རི་རྒྱལ་ལྟ་བུ་དཔལ་ཡི་གེ་མེད་པ་དང་།
207a5 འཁྲུལ་པ་གཅོད་པ། འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། དང་ནི་སྡེ་སྣོད་ཐམས་ཅད་འབྱེད་པ་ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཟལ་འགྱུར། དང་། གོལ་ས་གཅོད་པ། ར་ལ་གྲི་ལྟ་བུའི་རྒྱུད་ཀུན་བཟང་ཐུགས་ཀྱི་མེ་ལོང་དང་ནི་སྒྲོན་མའི་སྣང་བ་སྟོན་པ་གསལ
207a6 ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ་དང་། ཚིག་དོན་གསེར་ལས་ཞུ་ཡིས་སྤྲས་པ།། གསེར་ཞུན་ལྟ་བུ་ནོར་བུ་པྲ་བཀོད་དང་ནི་ཡིད་ཆེས་ངེས་ཚིག་མ་བུ་འབྲེལ། པ་ཉི་ཟླ་ཁ་སྦྱོར། ངོ་སྤྲོད།། མེ་ལོང་ལྟ་བུ་ངོ་སྤྲོད་སྤྲས་པ་དང་ནི་མུ་ཏིག་བརྒྱུས། པ་ལྟ་བུའི




iiif viewer powered by OpenSeadragon

206b - 207b

Texts on this page

Gpb005.007 - mu tig rin po che phreng ba'i rgyud