e-texts navigator
Collection
Volume
Page
Wylie

164a1 བླ་མའི་མན་ངག་ངས་བསྟན་གྱིས།། ལེགས་པའི་ལུས་ངག་ཡིད་གསུམ་ཚུལ་གསུམ་གྱིས་ཉོན་ཅིག། དེ་ནས་སྨད་པ་ཐའ་དོན་ཁོང་དུ་རྟོགས་པས་གསང་བའི་བདག་པོས་ཇི་ལྟར་གསུངས་པའི་དོན་ཁོང་དུ་ཆུད་ནས
164a2 འདི་སྐད་ཅེས་སྨྲས་སོ།། འདི་སྐད་རྟོགས་པ་ཆེ་བས་སྒོ་སླར་དང་བྲལ་བདག་གིས་ཐོས་པའི་དུས་གཅིག་ཐོས་པ་ཆེ་བར་སྟོན། ན། མ་འཕྲུལ་པའི་རིག་པ་ཀ་དག་ཏུ་ཆ་ཡིས་མ་བགོས་པའི། སྣང་བ་མཚར་དག་པའི་ཐལ་གཞལ་ཡས་ཁང་དམ
164a3 པ། རང་རང་གི་ཐུགས་ཙིཥྞའི་དཀྱིལ་འཁོར་ན། སངས་རྒྱས་ཀྱི་སྣང་བ་དཔྱོད་པའི་ཤེས་རབ། རིག་པ་རྡོ་རྗེ་རྣོན་པོའི་སྐུ་དང་། རིག་པ་རང་གི་བ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་། རིག་པ་རང་བཞིན་རང་སྣང་གི་སྐུ་དང་། རིག་པ་རང
164a4 དངས་སུ། ཅོག་བཞག་གི་སྐུ་དང་། རིག་པ་ཐོགས་པ་མེད་པའི་རང་དག་ཏུ་གནས་སྐུ་དང་། རིག་པ་གཅེར་སྣང་མཐོང་བ་གཅེར་གྲོལ་དུ་བྱང་གི་སྐུ་དང་།། དེ་ཐམས་ཅད་ཀྱང་ང་བོ་ཀ་དག་ལ་རིག་པ་ངོ་བོའི་སྐུ་ལས་མ་གཡོས
164a5 ཏེ། རང་བཞིན་གྱི་སྣང་བ་མདོར་བསྟན་པ།། ངོ་བོའི་འཁོར་བསམ་གྱིས་མི་ཁྱབ་པ་དང་། དཀར་བ་དང་དྲི་མ་མེད་པས་དམར་བ་དང་། མ་བཅལ་རྫོགས་པས། སེར་བ་དང་། ཡོན་ཏན་འབྱུང་། ལྗང་གུ་དང་། མཚོལ་རང་གྲུབ། མཐིང་ག
164a6 འགྱུར་བ་ལ་སོགས་ཏེ། ནང་རང་སྣང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང་། རང་ཉིད་དང་ཕྱི་ཡུལ་གྱི་འཁོར་འཁོར་བ་གཉིས་ལ་མདོར་བསྟན། འདི་ལྟ་སྟེ། རིག་པའི་ངོ་བོ་ལས་འདི་ལྟར་འབྱུང་དེ་བཞིན་གཤེགས་པའི་རིགས་དང་།




iiif viewer powered by OpenSeadragon

163b - 164b

Texts on this page

Gpb005.007 - mu tig rin po che phreng ba'i rgyud