e-texts navigator
Collection
Volume
Page
Wylie

147a1 མའད་དང་། ཐ་འད་དང་། ད།། ། མཅད་མ་བས་འདས། སས་པ་ཅ་དད་ཐམསབདཅད་ན་ནན
147a2 བ་མེད་པ་ཆོས་ཉིད་ཤེས་རབ་ཀྱི་བདག་ཉིད་ཆོས་ཐམས་ཅད་གཉིས་སུ་མེད་པ་རྟག་པའི་ཡེ་ཤེས་སྟོང་གསལ་འགག་པ་མེད་པ་དབྱིངས་ལས་དབྱིངས་འབྱུང་བ་ཡེ་ཤེས་གཉིས་མེད་ཀྱིས་བརྒྱན་པ་དེའི་ཕྱིར་ན། དབྱིངས་ཡེ་ཤེས་སུམ་བརྩེགས་ཀྱི་བདག་ཉིད་དོ།། དེ་ཡང་ཆོས་ཉིད་མཉམ་པ
147a3 ཉིད་ལས་མ་འདས་པའི་རིག་པའི་ཡེ་ཤེས་སོ།། འོད་ལ་གཉིས་ཏེ་རྟོགས་པའི་གང་ཟག་གི་འོད་དང་། མ་རྟོགས་པའི་སེམས་ཅན་གྱི་འོད་དོ།། དེ་ཡང་རྟོགས་པ་དང་ལྡན་པ་རྣམས་ལ། སྣང་བ་འདི་ཉིད་ལ་ཡེ་ཤེས་སྐྲག་པར་འཆར་རོ།། མ་རྟོགས་པ་ལ་འོད་ལྔ་མཚོན་དུ་མེད་དོ།།
147a4 ས་ཏ་ཀ་ཡུ་མུ་ཥ་ཋ། མ་ཧ་རུ་བྷ་ཏི་ཀེ་ཏ་ཀེ་ཏ། ཀི་ཧ་ཀེ་ཧ།། ཡང་བྱུང་། འགྱུར་བ་མེད་པའི་ས་སྐུ་གསུམ་གྱི་ས་ནོན་པའོ།། དེ་ཡང་དུས་ཐམས་ཅད་པའོ།། ཡེ་ཤེས་རྟག་པར་བཞུགས་པའོ།། དེ་ཡང་ཆོས་ཀྱི་སྐུ་དག་པའི་ཡེ་ཤེས་ཀྱི་སྙིང་པོའོ།། དེ་ཡང་མཉམ་པ་ཉིད་ཤེས
147a5 རབ་ཀྱི་བདག་ཉིད་དུ་གྱུར་པ་སྟོང་པ་ལ་ཐུགས་རྗེ་གསུམ་དུས་གཅིག་ཏུ་འཆར་བ་དེ་ཡང་མ་འགགས་པའི་ཚུལ་གྱིས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒྲ་ལས། མ་འདས་པ་འགྱུར་མེད་ཀྱི་ཡེ་ཤེས་ཀྱི་རང་ཆས་སོ།། ཤཾ་བཛྲ་སྭ་ཏད་ཀྱ་སྱ། པྲ་ཛྙཱ་པ་ར་སྤྲས་སྟན་ཀ་ཧི། དེ་ཡང
147a6 ཞེས་རབ་ཀྱི་དོན་གྱིས་རྟོགས་པའི་དུས་ལས་མ་གྱུར་པའི་ཡེ་ཤེས། མ་རིག་པ་དང་གིས་བཅོམ་པ། ཆོས་ཀྱི་དབྱིངས་མཉམ་པའི་ཆ་ཁྱུད་དང་ལྡན་པ། དེ་ཡང་རང་ལ་རྟག་པར་ཡོད་པས་ཁྱབ་པ་རྣམ་པ་གསུམ་དང་ལྡན་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་རང་ལ་ཤར་བའ་2




iiif viewer powered by OpenSeadragon

146b - 147b

Texts on this page

Gpb005.005 - kun tu bzang po thugs kyi me long gi rgyud ces bya ba / thams cad ston pa'i rgyud