| | e-texts navigator
|
146b1 མེད་དུ་བསྡུས་པའི་རིག་པ་ཆོས་ཀྱི་སྒྲའོ།། ཨ་པཱ་རཱ། སྐྱེ་མེད་ཡེ་ཤེས་དང་དོན་ཤེས་རབ་དང་རྟོགས་པ་དང་མ་རྟོགས་པ་ཐམས་ཅད་དབྱིངས་སུ་སྡུད་པའོ།། ཨོཾ་ཤ་ཏ་ནི། རྟོགས་པ་དང་མ་རྟོགས་པ་ཐམས་ཅད་དབྱིངས་གཅིག་ཏུ་སྡུད་པའོ།། ཨཱུ། སྤྲུལ་པའི་སྒྲ་ལ་རིག་པ་དྲི་མ་དང་བྲལ
146b2 བའི་ཡེ་ཤེས་དག་པས་སེམས་ཅན་གྱི་དོན་བྱེད་པ་བྱ་བ་ཐམས་ཅད་བྱེད་པ། དོན་གང་ལ་ཡང་མ་རྨོངས་པའི་ཡེ་ཤེས་སོ།། ཨ། ལོངས་སྤྱོད་རྫོགས་པ་མཚན་མའི་དྲི་མ་མེད་པ་ཁ་དོག་མ་འདྲེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འོད་ཀྱི་ཚོམ་བུ་ལྔ་མ་འདྲེས་གསལ་བ་འགྲོ་བ་དང
146b3 འཇིག་པ་མེད་པ། དབུགས་མེད་པའི་འགྲུ་བ་དང་བཅས་པའོ།། ཨ། ཆོས་ཀྱི་སྒྲ་སྐྱེ་བ་མེད་པ་འགག་མེད་ཀྱི་ཡེ་ཤེས་བསམ་པ་དང་བྲལ་བ་རིག་པའི་ངོ་བོ་ཐ་སྙད་དང་བྲལ་བའི་སྒྲ་རྣམ་རྟོག་དང་བྲལ་བའི་འོད། ཆོས་ཀྱི་སྒྲ་ནི་དངོས་པོ་དང་བྲལ་བའོ།། དེ་ཡང་ངོ་བོ་རང་གི་རིག་པ་རང
146b4 བཞིན་རང་གི་ཡེ་ཤེས་ཀྱི་སྒྲོན་མ་ཐུགས་རྗེ་རང་གི་ཤེས་པ་ཏོག་མེད་དུ་འཆར། དེའི་ཕྱིར་རང་གི་རིག་པ་སྒྲ་གསུམ་རྫོགས་པའི་མན་ངག་ཅེས་བྱ་བ་ནི་རིག་པ་ཇོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དུ། ན་རྩ་མ་ཉ་ཥུ་མ་ནུ་སརྦ་དྷ་རྨ་ཀ་ཡ་ས་ཉི་ས་བྷ་ར། ལུས་ལ
146b5 གཉིས་ཏེ་དག་པ་ཡེ་ཤེས་ཀྱི་ལུས་དང་། མ་དག་པ་སེམས་ཅན་གྱི་ལུས་སོ།། དག་པ་ཡེ་ཤེས་ཀྱི་ལུས་ནི་སྣང་བ་འདི་འགགས་མ་ཟག་ཏུ་འཆར་རོ།། མ་དག་པ་སེམས་ཅན་གྱི་ལུས་ནི་དངོས་པོར་སྣང་བ་འདི་ཉིད་དོ།། དེ་ཡང་དག་པ་ཡེ་ཤེས་ཀྱི་ལུས་སེམས་ཅན་གྱི་ལུས་ལ་ཡོད་པར་ངེས།
146b6 ང་རིག་དོན་གྱི་ཡེ་ཤེས་རང་སྣང་བ་མཚན་ཉིད་རྟག་པ་མི་འགྱུར་བ། དེ་ཡང་འཁྲུལ་པ་ལས་ལོག་པའི་ཆོས་ཉིད་དོ།། རིག་པའི་དོན་རྟོགས་པའི་ཤེས་རབ་འཇིག་རྟེན་ལས་ལོག་པའོ།། རིག་པའི་ཐུགས་རྗེ་འཆར་ནུབ་མེད་པར་འགྲོ་བའི་དོན་བྱེད་པའོ།། དེ་ཡང་འོད་ལ་གསུམ་སྟེ།
iiif viewer powered by OpenSeadragon
146a - 147a