e-texts navigator
Collection
Volume
Page
Wylie

136a1 མངོན་པར་སྣང་།། རྡོ་རྗེའི་ངན་གྱི་ཡེ་ཤེས་འདུ་འབྲལ་མེད་པར་རྟོགས།། དེ་རྣམས་འབྱུང་པོའི་ཡེ་ཤེས་རང་གི་རིག་པའི་དས་། དེ་བཞིན་ནོ།། ཡེ་ཤེས་བསྒོམ་པའི་ཡུལ་དང་བྲལ་བའོ།། ཀྱེ་ཆུ་རྡོ་རྗེ་སེམས
136a2 དཔའ་ཉོན།། དཀྱིལ་འཁོར་དོན་དང་ཡེ་ཤེས་དོན།། ང་ཡིས་ཁྱོད་ལ་ལེགས་པར་བསྟན་པ་ཡིན།། རང་བྱུང་དོན་གྱི་སྙིང་པོ་ནི།། བསྐྱེད་པ་མ་ཡིན་རྫོགས་པའི་ཚུལ།། ཀུན་ལ་ཡོད་པའི་མེ་ལོང་འོད་པོ་ཆེ།། རག
136a3 ཤེས་ཀྱི་ས།། དཔེར་ན་མེ་ལོང་དཀྱིལ་འཁོར་དྲངས་པ་ལ།། གང་བསྟན་རྐྱེན་དེ་འོང་བ་བཞིན།། རང་བཞིན་རྣམ་དག་སྟོང་པའི་ནམ་མཁའ་ལ། རིག་པའི་འོད་ཝ། དོན་གྱི་སྙིང་པོ་མ་འདྲེས་ཚོམ་བུ་ལྔ།། མ་བསྐྱེད་རྫོགས་པའི
136a4 ཚུལ་དུ་གསལ།། ཞེས་སྟོན་པ་ཀུན་ཏུ་བཟང་པོས་རྡོ་རྗེའི་རིགས་ལ་རང་གི་དོན་བསྟན་པའོ།། ཞེས་རྒྱུད་ཐམས་ཅད་ཀྱི་རྩ་བ་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས།། དཀྱིལ་འཁོར་དང་ཡེ་ཤེས
136a5 བསྟན་པའི་ལེའུ་སྟེ་དང་པོའོ།། །། ཨཱཏྨཱ་ཤངྒ་ཨ།། དེ་ནས་ཡང་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་ཀུན་ཏུ་བཟང་།། ཀུན་བཟང་ངེས་ཚིག་དབྱེ
136a6 བར་བཅས་པ་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་མ་རིན་ཆེན་སེམས་དཔའ་བོན།། ངས་བསྟན་ལེགས་པར་ཡིད་ལ་ཟུང་།། ཀུན་བཟང་ངེས་ཚིག་གང་ཞེ




iiif viewer powered by OpenSeadragon

135b - 136b

Texts on this page

Gpb005.005 - kun tu bzang po thugs kyi me long gi rgyud ces bya ba / thams cad ston pa'i rgyud