| | e-texts navigator
|
135b1 གཅིག་སྐད་ཅིག་མ་གསུམ་ལ་རྫོགས།། རྟགས་ཀྱི་ཡེ་ཤེས་བྷ་གུ་ཏ་རིག་པའི་སྒྲོན་མ། སྐྱེ་འབྲི་མེད་པར་སྣང་།། དཔེ་ཡི་ཡེ་ཤེས་ཤེལ་ལྟར་དྲི་མེད་རྣམ་དག་དང་།། ཆོས་སྐུའི་ཡེ་ཤེས་བསམ་དང་བྲལ་བའི་རིག་པ། བསམ་འདས་བརྗོད་མེད
135b2 ང་།། ལོངས་སྐུའི་ཡེ་ཤེས་འོད་ཀྱི་སྣང་བ་ལྔ་ཁ་དོག་མ་འདྲེས་གསལ།། སྦྲུལ་སྐུའི་ཡེ་ཤེས་ཅིར་ཡང་རྟོགས་པའི་གང་ཟག་ལ་ཅིར་སྣང་རིག་པའི་དང་། བསྒྱུར་ཏུ་བཏུབ།། གཉིས་མེད་ཡེ་ཤེས་སྒྲ་གསུམ་འདུ་འབྲལ་མེད་པའི་དགོངས་པ། ཐ
135b3 སྙད་མཐའ་དང་བྲལ།། རྟོག་མེད་ཡེ་ཤེས་ཞེན་པ་དང་བྲལ་བའི་རིག་པ།། འཛིན་པའི་ཡུལ་དང་བྲལ།། འཛིན་མེད་རིག་པ་རྟོག་མེད་ཡེ་ཤེས་གཉིས་སྣང་མཐའ་དང་བྲལ།། མཉམ་ཉིད་ཡེ་ཤེས་ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པ།།
135b4 ཚིག་ལས་འདས་པའི་ངང་།། ཆོས་དབྱིངས་ཡེ་ཤེས་དབྱིངས་དང་སྒྲ་ལ་འདུ་འབྲལ་མེད་པ། གསལ་ལ་རྟོག་པ་མེད།། དག་པའི་ཡེ་ཤེས་ཉོན་མོངས་མེད་པའི་རིག་པ། དྲི་མའི་མཐའ་དང་བྲལ།། གསལ་བའི་ཡེ་ཤེས་འོད་དང་འོད་ཁྱིམ་གྱི
135b5 ཚུལ་དུ་གནས་པ།། སྟོང་པའི་ཡུལ་ལས་འདས།། སྟོང་པའི་ཡེ་ཤེས་དངོས་པོའི་རྟོག་པ་མེད་པའི་ཕྱིར། ཡུལ་ལས་འདས།། མཚོན་པའི་ཡེ་ཤེས་གཟའ་གཏད་ཆོས་དང་བྲལ།། དམིགས་མེད་ཡེ་ཤེས་བསྒོམ་པའི་ཡུལ་དང
135b6 བྲལ།། བསྒོམ་དུ་མེད་པའི་རིག་པ་རང་གསལ།། འདས་པའི་ཡེ་ཤེས་ཚིག་དངོས་པོ་ལས་འདས་པའི་རིག་པ། གིས་མཚོན་དུ་མེད།། མ་འོངས་ཡེ་ཤེས་ཉོན་མོངས་སྐྱེ་མི་ནུས། དངོས་པོར་བསྟན་དུ་མེད།། ད་ལྟའི་རྟགས་ཀྱི། ཡེ་ཤེས་ཡུལ་ལ
iiif viewer powered by OpenSeadragon
135a - 136a