| | e-texts navigator
|
134b1 དག་ཏུ་མི་འགྱུར་བས།། ངོ་སྤྲོད་ལ། ཡང་ནས་ཡང་དུ་གསལ་གདབ་བརྟགས་ཤིང་གོམས་པར་བྱ།། རིག་པའི་མཚན་ཉིད་གཅིག་ལས་དུ་མར་སྣང་། ཐིག་ལེ་ཉག་གཅིག་ལས་སྣ་ཚོགས་སུ་ཤར་དོན་རྣམ་དང་ལས་མི་དམིགས་འོད
134b2 གསལ་སྐུ། ལོངས་སུ།། དམིགས་མེད་ངང་ལས་སྣང་བ་ལ་གསལ་འགྲིབ་ཡོངས་ཀྱིས་མེད།། སེམས་ཅན་བློ་ལ་བདུན་བདུན་དུ་སྣང་། བྱེ་བྲག་མང་བའི་ཕྱིར།། བར་མ་དོ་ལ་ཡང་བདུན་བདུན་དུ་ཤར། སྣང་བ་སོ་སོར་འཆར།། དག
134b3 པའི་ལམ་ལ་ཡེ་ཤེས་འོད་དུ་གསལ།། ཡེ་ཤེས་མི་གནས་འོད་ཀྱི་ལུས་ལ་འགག་པ་མེད་པའི་འོད་ལྔ་རང་མས་སུ་ཤར་རོ།། འོད་གསལ་བདེ་བའི་སྐུ་ལ་མདུན་རྒྱབ་ཡོངས་ཀྱིས་མེད། རིག་པ་ལ་བཟང་ངན་མེད།། མ་དག་སེམས་ཅན་རྣམས་ལ
134b4 མདུན་དང་རྒྱབ་ཏུ་སྣང་། མ་རྟོགས་པ་རྣམས་ལ་དེ་བཞིན་དུ་སྣང་།། རིག་པ་འགྱུར་མེད་སྐུ་ལ་མདུན་རྒྱབ་ག་ལ་ཡོད། རྟོགས་ན་དུག་ལྔ་ཡེ་ཤེས་ལྔ་ལ་ཁྱད་པར་མེད།། མདུན་དང་རྒྱབ་ཏུ་མཐོང་ན་གོལ་གྲིབ་ལྟུང་བར་འགྱུར། དུག་ལྔ་སྤང་བར
134b5 འདོད་ན་ཐེག་པ་འོག་མར་གོལ།། ཡེ་ཤེས་སྐུ་ལ་རྟོག་པ་མི་མངའ་ཞིང་། གསལ་ལ་འཛིན་པ་མེད་པའི་ཕྱིར་རོ།། ཚིག་དོན་འབྲེལ་བའི་ཡེ་ཤེས་སྐུ་ལ་བརྟག། བྱང་ཆུབ་ལམ་གྱི་སྒྲོན་མ་ལ་བརྟག། སྐུ་སྒྲ་ལས་ཡེ་ཤེས་བྱུང་ཡེ་ཤེས་ལས་སྒྲ་བྱུང་། དང་ཡེ
134b6 ཤེས་དབྱེར་མེད་འདྲེས་ཤིང་མཚུངས།། ཡེ་ཤེས་རང་གི་རིག་པ་དངོས་སྐུ་སྟེ་རང་བྱུང་བ།། ཡེ་ཤེས་འགག་མེད་ངང་ལ་རིག་པ་འགྱུར་མེད་གསལ།། བསྟན་པས་དོན་ལྡན་ཡེ་ཤེས་སྐུ་མཆོག་འདི།། དོམ་དམ་རང་བཞིན
iiif viewer powered by OpenSeadragon
134a - 135a