| | e-texts navigator
|
133b1 འདྲེས་པ་ལ་གསལ་བ་ཀུན་ཏུ་ཡང་ནང་དུ་གྱུར་པ་རིགས་ལྔའི་ཚོམ་བུ་དང་བཅས་པ་ཕྱི་ནས་བལྟས་ན་ནང་གསལ་བ། དྲི་མ་མེད་པའི་ཙེ་རྟའི་དཀྱིལ་འཁོར། ནང་ནས་བལྟས་ན་ཕྱི་གསལ་བ། རིག་པ་ཡུལ་ལ་ཤར་བ་འོད་ཟེར་ཕྱོགས་བཅུར་འཕྲོ
133b2 བཔ། ཡེ་ཤེས་ཀྱི་འོད་ལྔ་འཆར་ནུབ་མེད་པ། མུ་ཁྱུད་ཀྱི་ར་བ་ཅན། དེ་ཡང་སྒྲོན་མར་འབྲེལ་བ། ཡེ་ཤེས་ལྔ་སྐར་མ་བཞིན་འཆར་བ། ད་ལས་པར་སྤང་ལ་ཟད་ཀྱི་ཆོམ་པ་ལྤགསལ་བ་དངས་པ། སྐུ་ལྔ་མདུན་དང་རྒྱབ་ཏུ་མེད་པར་གསལ་བ། དེ་ལ་རིག་པའི་ཀློང་ནས་རྦ
133b3 ལྔ་གསལ་འཚེར་བ། འོད་ལྔ་མ་འདྲེས་པ་ལ་དེ་ལ་ཁ་དོག་གི་བྱེ་བྲག་གསལ་བ། དོན་གྱི་སྙིང་པོ་སྟོན་པའི་རྟགས་སུ། རིག་པའི་དཀྱིལ་འཁོར་འོད་གསལ་བ། རང་ལ་འོད་ལྔ་དང་བཅས་པ་སྣང་བ། མངོན་པར་སྣང་བའོ།། རང་རང་གི་ཙིཿའི
133b4 ནང་ན་དེ་བཞིན་དུ་གནས་སོ།། ཞོན་པ་ཀུན་ཏུ་བཟང་པོ་ནི་གཞིའི་སངས་རྒྱས། གཞལ་ཡང་ཁང་དེའི་ནང་ན་སྟོན་པ་ཀུན་ཏུ་བཟང་པོ།། རིགས་བཞིའི་སེམས་དཔའ་དང་། རིག་པ་ཀུན་ཏུ་བཟང་པོའི་ངང་ལ་ཐབས་ཅིག་ཏུ་བཞུགས
133b5 སོ།། རང་རང་གི་རིག་པ་འོད་ལྔ་དང་བཅས་པ། དེ་ནས་རྡོ་རྗེ་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐུགས་ཀྱི་དཀྱིལ་འཁོར་གསུམ་སྟེ་ཐུགས་དང་གསུང་དང་སྒྲའོ།། སྒོ་འབྱེད་པའི་དོན་བསྟན
133b6 དུ་གསོལ། ཞེས་ཞུ་བ་ཞུས་སོ།། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། རང་རང་གི་རིག་པའི་དཀྱིལ་འཁོར་འོད་གསལ་བའི་དོན་སྟོན་ཏོ།། རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ཅིག། རང་རང་ལ་དཀྱིལ་འཁོར་གསུམ
iiif viewer powered by OpenSeadragon
133a - 134a