e-texts navigator
Collection
Volume
Page
Wylie

132a1 ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག་བྱས་པའི་ཆས་ལ་བླམ་བཞག། དེ་བཞིན་དུ་ཆོས་ཟླ་བ་མེད་པ་ལ་ཟླ་བར་སྣང་བ་ཐམས་ཅད་འགག་པ་མེད་པར་སྒྲོལ་ཞིག། འགགས་པ་མེད་པ
132a2 རིག་པའི་ཆོ་འཕྲུལ་ཅིར་ཡང་སྣང་བར་སྒྲོལ་ཞིག་ཅིར་ཡང་སྣང་བ་སྐྱེ་བ་མེད་པར་སྒྲོལ་ཞིག། སྐྱེ་བ་མེད་པ་འགྲོ་འོང་མེད་པར་གང་ནས་མ་འོངས་པ་གར་ཡང་མི་འགྲོ་བ་སྩོལ་ཞིག། འགྲོ་འོང་མེད་པ་གཉིས་སུ་མེད་པར་དུ་མ་དང་བྲལ
132a3 བསྒྲོལ་ཞིག། གཉིས་མེད་གསལ་བ་མཐའ་གྲོལ་འོད་ཟེར་དུ་གནས་པ་ཆེན་པོར་སྒྲོལ་ཞིག། དེ་བཞིན་དུ་ཆོས་ཐམས་ཅད་ཅིར་ཡང་མི་རྟོག་མི་སེམས་པར་རྐྱེན་གྱི་དབང་དུ་མི་འགྲོ་བ་སྒྲོལ་ཞིག། ཆོས་ཐམས་ཅད་གསལ་ལ་མ
132a4 ཡེངས་པར་སྒྲོལ་ཞིག་འགྱུར་བ་མེད་པ་རྒྱ་གར་ཡང་མ་ཆད་ཕྱོགས་གར་ཡང་མ་ལྟུང་བ་རང་བཞིན་གཉིས་སུ་མེད་པ་རྫོགས་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་སྟེ། དེ་ཡང་གང་ཞེ་ན་ཡེ་ཤེས་ཀྱི་དབྱིངས་དང་ཡེ་ཤེས་རིག་པ་དང་ཡེ་ཤེས་སྐྱེ་མེད་ཀྱི་ཡེ་ཤེས
132a5 །། ཅེས་བརྗོད་ནས་གསང་བའི་བདག་པོ་ཡང་མི་སྣང་བའི་ངང་དུ་གཤེགས་སོ།། དེ་ནས་ཡང་ནམ་མཁའ་ལས་སྒྲ་འདི་སྐད་གྲགས་སོ།། བཛྲ་རྡོ་རྗེ་ཕྱག་ན་རྡོ་རྗེ་ཉིད་ཀྱི་དབྱིངས་པ། པཱ་ཎི་དྷཱ་ཏུ་ལྟེ་བ་མེད་པས་འགག་པ་མེད་པ་ཤི་ཧི
132a6 རི་སངས་རྒྱས་ཀྱི་ལམ་མ་ཧཱ་སནྟི་ལ་མ་འགྱུར་བ་མེད་པ། དྷརྨ། ཆོས་ཀྱི་སྐུ་བརྗོད་པ་ཐམས་ཅད་དང་བྲལ་བ་ཀཱ་ཡ། མྱ་ངན་ལས་འདས་པའོ།། རཏྣ་རིན་པོ་ཆེ་ལྟ་བུའི་ཀློང་དུ་མཱ་ལ་མཉམ་པ་ཉིད་ལས་མ་ཡངས་བློ་ཡིས་མ་བཅོས་པ། ཨ་སིང་སྐྱེ་མེད་ཆོས་སྤུའི་ངང་དུ་རིག




iiif viewer powered by OpenSeadragon

131b - 132b

Texts on this page

Gpb005.004 - rdo rje sems dpa' snying gi me long gi rgyud