e-texts navigator
Collection
Volume
Page
Wylie

130a1 འགྱུར་བ་མེད་པ། སན་ཡང་དག་པའི་རིག་པ། དྷི་ཆོས་ཉིད་སྐྱེ་བ་མེད་པ་ལས་ནི་ཁྲོ་ཐམས་ཅད་འབྱུང་བའི་ཚུལ་བསྟན་པ། དར་པ་ཆོས་ཅན་མཚན་མ་ལས་འདས་པ། ཨ་ཨ་སྒྲེ་མེད་དམིགས་པ་མེད་པའོ།། ཞེས་བརྗོད་པས་འཁོར་རྣམས་ཀྱིས
130a2 ཡང་དག་པའི་དོན་ཐུགས་སུ་ཆུད་དོ།། དེ་ནས་ཡང་འདི་སྐད་ཅེས་བསྒྲགས་སོ།། བུདྡྷ་སངས་རྒྱས་ཀྱི་ཡེ་ཤེས། སརྦ་ཆོས་ཐམས་ཅད་ཀྱི་དགོངས་པ་ཚིག་ལས་འདས་པ། དྷ་བརྡལ་བ་ཕུན་སུམ་ཚོགས་པ། ཐིམ་དབྱིངས་རྣམ་པར་དག་པ་ཆོས་ཉིད་སྐྱེ་བ་མེད
130a3 པའི་ངང་དུ་ཐིམ། དྷ་ཐིམ་མཉམ་པ་ཉིད་སྨེ་ཤི་དང་བྲལ་བའི་རིག་པ་དུས་གསུམ་དུ་མི་འགྱུར་བ། ཨ་རིག་པ་འགྱུར་མེད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན། ལཾ་རིག་པ་དུས་ཐམས་ཅད་དུ་རྟག་པ་ཡེ་ཤེས་ཀྱི་སྙིང་པོ།། ཀཾ་ཀུན་ལ་ཡོད་པ། བྷ་དེའི་དོན་གོ་བར་དཀའ་བ།
130a4 ཨི་ཧ་དོན་གྱི་སྲིང་པོ་བསྐད་དང་བྲལ་བ། ཨི་ཧ་འཛིན་པ་མེད་པ། ཨོཾ་མ་ཧཱའི་དོན་སྟོན་པ། ཨཱཿ་ནུའི་དོན་སྟོན་པ། ཧཱུཾ་ཨ་ཏིའི་དོན་སྟོན་པ། ཨ་ན་སྐྱེ་བ་མེད་པ་ལ་སྒྲེ་བར་སྣང་བ། ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ།། དེ་ནས་ཡང
130a5 གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། ཀྱེ་མ་ཀྱེ་ཧུད་ཐུགས་རྗེས་ཟུང་། ཞེས་གསོལ་པ་དང་། ནམ་མཁའ་ནས་སྒྲ་འདི་བསྒྲགས་སོ།། ཤ་ཤེས་རབ་ཀྱི་བདག་ཉིད། ས་འགྱུར་བ་མེད་པའི་ཆོས་ཉིད། མ་གཞི་མ་བཅོས་གསལ་བ།
130a6 འའསྟོང་པའི་ཡེ་ཤེས། ཨ་བྷ་མ~ཾ་ཡང་བྱུང་ཨ་ག་ག། ཨ་སྐྱེ་བ་མེད་པ་ལ་སྐྱེ་བར་སྟོན་པ་འགྱུར་བ་མེད་པ་ཤེས་རབ་ཀྱི་བདག་ཉིད་རིག་དབྱིངས་སྟོང་པ་སྐད་ཅིག་མ་ལ་གྲུབ་པ་ཆོས་ཉིད་མ་བཅོས་པ་གཉིས་སུ་མེད་པའོ།། ཨོཾ་ཨཱ་ཧཱུཾ། དེ་ཡང་བསྐྱེད་རྫོགས་གསུམ་འདུ་འབྲལ་མེད་པའི་དོན




iiif viewer powered by OpenSeadragon

129b - 130b

Texts on this page

Gpb005.004 - rdo rje sems dpa' snying gi me long gi rgyud