| | e-texts navigator
|
120b1 དལ། བཀའ་དྲིན་ཁྱད་དུ་མི་གསོད་གསང་སྔགས་དོན་ལ་སྦྱོར།། ངེས་པར་དད་དང་ལྡན་ཞིང་གཏོངས་ཕོད་དག་དང་ལྡན།། རྡོ་རྗེའི་དོན་ལྡན་གསང་སྔགས་ཐམས་ཅད་དེ་ལ་བསྟན་པའི་སྣོད་དུ་གསུངས།། ཞེས་བཀའ་སྩལ
120b2 ཏོ།། རྒྱུད་ཆེན་པོ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། གསང་བ་ཡང་ཁོལ་དུ་ཕྱུང་བ་དབང་དང་དམ་ཚིག་གི་ལེའུ་སྟེ་བཞི་པའོ།། །། བཱ་གླ་གྷཿ། དེ་ནས་ཡང་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད
120b3 ཀྱིས་སྙིང་གི་དཀྱིལ་འཁོར་གྱི་སྒོ་ཕྱེ་ནས་འཁོར་རྣམས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འོད་གསལ་བའི་དོན་སྒྲ་དང་ཡེ་ཤེས་བསྟན་པའོ།། ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ། རང་གི་རིག
120b4 པ་འོད་ལྔའི་རང་བཞིན་དུ་གནས་སོ།། དེ་རྣམས་དོན་བཀྲོལ་བ་འདི་ལྟ་སྟེ།། ཁྱབ་གད་ལ་འུབ་ཆུབ་རིག་པ་འོད་གསལ་སྐུ།། འགྱུར་མེད་ཀློང་ཡངས་རིག་པ་འོད་གསལ་སྐུ།། རྣམ་དག་དོན་སྤྱོད་ཀློང་ཡངས་རིག་པ
120b5 འོད་གསལ་སྐུ།། ཁྱབ་གདལ་ཆེན་པོ་མི་འགྱུར་རིག་པ་འོད་གསལ་སྒྲ།། བརྗོད་མེད་བསམ་བྲལ་རིག་པ་ཆོས་ཀྱི་སྐུ།། དཔག་ཏུ་མེད་པའི་ཡུལ་ལས་འདས་པ་རིག་པ་ཆོས་ཀྱི་སྐུ།། འཛིན་པའི་སྤྱོད་ཡུལ་མ་ཡིན་རིག
120b6 པ་ཆོས་ཀྱི་སྐུ།། ངོ་བོ་རང་བཞིན་ཐུགས་རྗེ་ལྡན་པས་རིག་པ་ཆོས་ཀྱི་སྐུ།། བདེ་ཆེན་མ་འདྲེས་ཡོངས་སུ་རྫོགས་པས་རིག་པ་ལོངས་སྤྱོད་སྐུ།། གསལ་ལ་མ་འདྲེས་སོ་སོའི་མཚན་ཉིད་ལྡན་པས་རིག་པ་ལོངས་སྤྱོད་སྐུ།།
iiif viewer powered by OpenSeadragon
120a - 121a