| | e-texts navigator
|
119a1 མཚན་ཉིད་དོ།། ཡི་གེ་གསུམ་དང་བསྡུ་དང་གཏོར་བའང་འདུག་གཏོར་མ་ནི། སྒྲུབ་ཐབས་བཞིན་དུ་ཤེས་པར་བྱའོ།། གསང་བ་དཀར་དམར་འདྲེས་པ་དེ། མེ་ལོང་མ་ཆགས་མགས་པས། བླངས་ཏེ་མཚན། སློབ་དཔོན་གྱིས
119a2 མེ་ལོང་གི་ཡུ་བ་ལ་བཟུང་སྟེ། སློབ་མ་ལ་ལྕེ་ཐོག་ཏུ་བཞག་སྟེ། དབང་བསྐུར།། དེ་ལྟར་དབང་གསུམ་རྫོགས་ནས་ནི།། གང་དུ་བསྟན་པའི་གདམས་ངག་གདབ་པར་བྱ། ནུབ་ཟ་མ་ལ་གདམས་ངག་ཉི་ཤུ་རྩ་གཅིག་རྫོགས་པར་བྱའོ།། དབང
119a3 རྫོགས་རྣལ་འབྱོར་སྐུ་གསུམ་ངེས་པར་འགྲུབ།། གསང་སྔགས་དོན་མཚོན་དབང་གིས་སྩལ་བར་བྱ། དབང་ལ་མ་བརྟེན་པར་གསང་སྔགས་མི་འགྲུབ་པས་དབང་བསྐུར་རོ།། དབང་མཆོག་མ་ཐོབ་པའི་སྐྱོན་བསྟན། པའི་རྣལ་འབྱོར་ནི།།
119a4 དཔེར་ན་མཉན་པ་ལག་རྒྱ་མེད་པ་བཞིན། ཕ་རོལ་སྒྲོལ་བར་ག་ལ་ནུས། དབང་མཆོག་ཐོབ་ན་ཡོན་ཏན་བསྟན་གསང་སྔགས་མ་བསྒྲུབས་འགྲུབ། འཇིག་རྟེན་འདིའི་བག་ཆགས་ཐམས་ཅད་སེལ། ཕྱི་མ་འཁོར་ལོས་བསྐུར་བའི་རྒྱལ་པོར
119a5 སྐྱེའོ།། དབང་ཐོབ་པའི་ཡོན་ཏན་གྱིས། ལྷའི་གནས་ནམ་མཁའ་ལ་འཕུར་བ་དང་ཆུ་ལ་མི་འབྱིང་བ་དང་། ལྷ་མིན་གྱི་སྒྲ་སྐད་ཟོས་ཤིང་ཤེས་པ་དང་། མ་མོ་ཐམས་ཅད་ལས་བྱེད་པ་དང་། བགེགས་ཐམས་ཅད་བཟློག་པ་དང་། མཐུ་ཆེ་ཞིང་དངོས་གྲུབ་ཐོབ་པ་དང་། མིས་བཀུར་བའི་འོས
119a6 སུ་མཐོང་བ་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་འཐོབ་བོ།། གསངས་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར།། དཔེར་ན་ཕ་རོལ་སྒྲོལ་བའི་གྲུ་བཞིན་ནོ།། དབང་མཆོག་སྟོན་པའི་རྡོ་རྗེ་སློབ་དཔོན་ལ།། ནོར་བུ་རིན
iiif viewer powered by OpenSeadragon
118b - 119b