e-texts navigator
Collection
Volume
Page
Wylie

105b1 བསྟན་པའི་སྒྲོན་མ་འདི།། བཟུང་བས་མི་ཟིན་ཆུ་ཟླ་འདྲ།། བྱང་ཆུབ་ལམ་གྱི་སྒྲོན་མ་རང་བྱུང་རང་ལ་ཐིམ། མིག་ནས་བྱུང་ཞིང་སྙིང་གི་དཀྱིལ་གྱི་རིག་པ་ལ་ཐིམ། དཔེར་ན་ཉི་བཞིན་འགྲོ་བ་ཡོངས་ལ་ཁྱབ།། ཙིཏྟའི་དཀྱིལ་དུ
105b2 གནས་བཅས་མིག་ནས་ལམ་ཕྱུང་ཞིང་། ཡེ་ཤེས་སྒྲོན་མ་སྟོང་ཉིད་ནམ་མཁའ་ལ། རེག་པ་མིག་ནམ་མཁའ་ལ་ཡེ་ཤེས་ཀྱི་སྣང་བ་སྔར་ཤར་རོ།། ཡེ་ཤེས་འོད་ཕུང་ནམ་མཁའི་མཐའ་དང་མཉམ།། བག་ཆགས་སྦུབས་ལ་བརྟེན་ནས
105b3 ཡེཤེས་དབྱིངས་ལ་སྤྱོད།། ཡེ་ཤེས་སྒྲོན་མ་རང་སྣང་འོད་པོ་ཆེ།། ཡེ་ཤེས་སྒྲོན་མ་བསྟན་པ་ཀུན་གྱི་རྩེ།། ཞེས་བཀའ་སྩལ་ཏོ།། ཡང་ཞུས་པ།། ཨེ་མ་ཧོ། ངོ་མཚར་གྱི་སྒོ་ནས་ཐུགས་བརྩེ་བས་སེམས་ཅན་ལ་ཕན་གདགས་པ་དང་རངག
105b4 དོན་རྟོགས་པར་བྱེད་པའི་བྱེར། བཅོམ་ལྡན་ཐུགས་རྗེ་ཅན།། རྣམ་གསུམ་དྲིས་ལན་དེ་ལྟར་ན།། དོན་གྱི་སྙིང་པོ་གསུང་དུ་གསོལ།། བརྗོད་མེད་རྣམ་དག་གསུང་དུ་གསོལ།། ཞེས་གསོལ་པས། ཁྲོ་བདག་ཆེན་པོས་བཀའ
105b5 སྩལ་པ།། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན།། ང་ཡིས་པ་ལ་སྟོན་པ་ཡིན།། ལེགས་པར་ཡིད་ལ་གཟུང་བར་བྱོས།། སྙིང་པོ་འགྱུར་མེད་ཀློང་ན་རིག་པ་རང་བྱུང་གསལ།། སྙིང་པོ་ཡེ་ཤེས་སྐུ་ལ་གསལ་འགྲིབ་ཡོངས་ཀྱིས
105b6 མེད།། དོན་གྱི་སྙིང་པོ་རང་གསལ་བདེ་བའི་སྐུ།། ཀུན་ལ་ཁྱབ་པའི་སྙིང་པོ་ཉག་གཅིག་པོ།། བརྗོད་པས་ཐོག་ཏུ་མི་ཕེབས་ཚིག་གིས་མཚོན་དུ་མེད།། རིག་པའི་ཡེ་ཤེས་བརྗོད་པའི་མཐའ་དང་བྲལ།། རྣམ་དག་འོད




iiif viewer powered by OpenSeadragon

105a - 106a

Texts on this page

Gpb005.004 - rdo rje sems dpa' snying gi me long gi rgyud