e-texts navigator
Collection
Volume
Page
Wylie

338a1 མཐོང་།། དབང་པོའི་ཡུལ་ལ་ཕར་སྤྲད་པས།། བློ་ཡི་ཆོས་རྣམ་རང་སར་གྲོལ།། མཐོང་བའི་ཡུལ་ལ་ཕར་སྤྲད་པས།། གོམས་པའི་འབྲས་བུ་ཚུར་ལ་མཐོང་།། འཛིན་པའི་ཡུལ་ལ་ཕར་སྤྲད
338a2 པས།། འཛིན་མེད་རང་སྣང་ངོ་བོ་མཐོང་།། དག་པའི་ཡུལ་ལ་ཕར་སྤྲད་པས།། རྣམ་དག་ཞིང་ཁམས་ལྷུག་པར་མཐོང་།། རང་སྣང་ཡུལ་ལ་ཕར་སྤྲད་པས།། སྐྱེ་མེད་རང་སྣང་ངོ་བོ་མཐོང་།། གསང་སྔགས་རྒྱུད་ལ་ཕར
338a3 སྤྲསྤྱད་པས།། འགག་མེད་སྣང་བ་མཐོང་བའོ།། ཡུལ་སྙིང་པོའི་ཕུལ་གྱི་དྲི་མ་གསལ་བའོ་གྱི་སྙིང་པོ་ལྟོས་པའི་ཆོས།། བྱ་རྩོལ་བྲལ་ཞིང་ཀ་ནས་དག། སྙིང་པོ་བགྲོད་མེད་ངོ་བོ་ཉིད།། ལམ་ལ་འཛིན་པའི་གོ་ལ་ས་མེད།། ཡོད
338a4 མེད་སྟོང་པའི་ཆོས་རྣམས་ལ།། བྱ་རྒྱུའི་དྲི་མ་མེད་པའོ།། ཀུན་སྡུད་ཡུལ་རྣམས་སྤང་བ་ལ།། མཚན་མར་འཛིན་པའི་གོལ་ས་མེད།། དེ་ལྟར་གདམས་ངག་ཐེབས་པ་དང་།། གོམས་པའི་སྟོབས་གྱིས་ཉམས་ལེན
338a5 བྱ།། གདམས་པའི་ཡུལ་དང་བསྟན་ཐབས་ཀྱང་།། འདི་ལྟར་ཀུན་ལ་ཤེས་པར་བྱ།། དང་པོ་དཔེ་ཡི་དཀྱིལ་འཁོར་གྱིས།། དོན་གྱི་སྙིང་པོ་བསྟན་པར་བྱ།། དེ་ནས་རྟགས་ཀྱི་ངོ་སྤྱོད་ཀྱིས།། ཡིད་ཆེས་བསྐྱེད་ཅིང
338a6 གཏན་ཡང་དབབ།། དེ་ནས་དོན་གྱི་ངོ་སྤྲོད་ཀྱིས།། ཉམས་སུ་བླང་བའི་རིམ་པ་བྱ།། ཉི་མའི་དཀྱིལ་འཁོར་ངོ་སྤྲོད་ཀྱིས།། སྐུ་གསུམ་གཏན་ལ་དབབ་པར་བྱ།། ཆུ་ཡི་ཟླ་བའི་ངོ་སྤྲོད་ཀྱིས།། བར་དོ་དང་པོ་ངོས་གཟུང




iiif viewer powered by OpenSeadragon

337b - 338b

Texts on this page

Gpb004.004 - rig pa rang grol chen po thams cad 'grol ba'i rgyud