| | e-texts navigator
|
216a1 སྣང་བ་ལ་ངེས་པ་རྙེད་པའོ།། དེ་ཡང་ཡེ་ཤེས་ལྟར་ཤར་བའི་སྒོ་ལ་རང་གི་ཤེས་པ་སད། སྠ་ལྟར་ཤར་བའི་སྒོ་ལ་བདེན་པ་མཐོང་།། འོད་ལྟར་ཤར་བའི་སྒོ་ལ་སྟོབས་རྙེད། ཐུགས་རྗེ་ལྟར་ཤར་བའི་སྒོ་ལ་ངེས་ཤེས་སྐྱེ་གཉིས་མེད་ཀྱི་སྒོ་ལ་བདག་ཅག་གི་བློ་དང་བྲལ།
216a2 མཐའ་གྲོལ་ལྟར་ཤར་བའི་སྒོ་ལ་ཡེ་ཤེས་མ་བུ་འཕྲད། དག་པ་ཡེ་ཤེས་ཀྱི་སྒོ་ལ་མཐར་ཕྱིན་པ། མ་དག་པའི་སྒོ་ལ་ཐུགས་རྗེ་མ་འགགས་པའོ།། ཡོད་པ་མཐོང་པས། རང་ལ་རང་གད་མོ་ཤོར་ཟེར་ཏེ་ཡང་ཡ་ཆ། དེ་ཡང་ཡེ་ཤེས་ཀྱི་གནས་དང་རང་གི་རིག་པའི་ཡུལ་དང
216a3 ཤེས་རབ་ཀྱི་རྩལ་གསུམ་མཉམ་པས་ཡེ་ཤེས་ཆེན་པོའི་ས་ཟིན་པས་སོ།། དེ་ཡང་རང་སྣང་དུ་ཡོད་པ་ལ་གཞན་འབྱུང་གིས་ཆོས་དང་བྲལ། མཚན་མའི་དངོས་པོ་གང་ཡང་གཟུང་དུ་མེད། ཡུལ་ཅན་དུ་རྟོག་པ་གང་ཡང་མེད་པ་དག་ཏུ་རྟོག་པའི་ས་བོན་བྱུང་། ཡེ་ཤེས་ལ་གསལ་འགྲིབ་མེད
216a4 འི་རང་སྣང་རང་ལ་ཤར། དེ་ཡང་འབྱུང་ང་ཡེ་ཤེས་ཀྱི་ལམ་དུ་བསླང་། དོན་ཆོས་ཉིད་དུ་ཐམས་ཅད་འདུས། ཡེ་ཤེས་སྟོང་པའི་ཡུལ་དུ་སྣང་སྟོང་པ་ཉིད་ཀྱི་དབྱིངས་སུ་ཐིམ།། དེ་བཞིན་བརྡའ་ཡི་རྣམ་པ་ཀུན།། མཚོན་ནས་ཡེ་ཤེས་དོན་ལ་སྦྱོར།། ཞེས་བཀའ
216a5 སྩལ་བས། མཁའ་འགྲོ་མ་རྣམས་ངོ་མཚར་མཆོག་ཏུ་སྐྱེས་སོ།། ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། འཁྲུལ་ཚུལ་དང་འཁྲུལ་པ་བཟློག་པའི་ལེའུ་སྟེ་སོ་དགུ་པའོ།། ། #།
216a6 ནས་ཡང་མཁའ་འགྲོ་མ་དཀར་མོའི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་འདི་སྐད་གསོལ་ཏོ།། ཨེ་མ་ཧོ། བརྡའི་ཆོས་ཀྱིས་སེམས་ཅན་གྱི་རྟོག་པ་སོལ་ཞིག། བདག་ཅག་མཁའ་འགྲོ་མ་རྣམས་ཀྱི་མ་རིག་པའི་མིག
iiif viewer powered by OpenSeadragon
215b - 216b