| | e-texts navigator
|
203b1 པའོ།། ། དེ་ནས་ཡང་གསང་བའི་བདག་པོས། འདི་སྐད་ཅེས་གསོལ་ཏོ།། ཀྱེ་ཀྱེ་བཅོམ་ལྡན་རྣམ་དག་སྐུ།། རིག་པ་རྟོགས་ཚུལ་དེ་ལྟར་ན།། རིག་པའི་མཚོན་དཔེ་གསུང་དུ་གསོལ།། ཞེས་ཞུས
203b2 སོ།། དེ་ནས་ཡང་བཀའ་སྩལ་པ།། ཀྱེ་མ་གསང་བའི་བདག་པོ་ཉོན།། ཡེ་ཤེས་རྣམ་དག་མཁའ་ཀློང་དུ།། རྟོག་མེད་གསལ་བའི་རིག་པ་ཐིམ།། ནམ་མཁའ་སྟོང་བའི་ཀློང་དཀྱིལ་དུ།། ཉི་མའི་དཀྱིལ་འཁོར་ཐིམ་པ
203b3 བཞིན།། རྣམ་དག་སྟོང་པའི་ནམ་མཁའ་ལ།། སྒྲོན་མ་རྣམ་གཉིས་མ་འགགས་ཐིམ།། དཔེར་ན་ཆུ་བོ་ཆེན་པོ་ལ།། ཆུ་ཕྲན་ཐམས་ཅད་འདུས་པ་ལྟར།། རིག་པ་སྐྱེ་མེད་ཀློང་དཀྱིལ་དུ།། ཕྱི་ནང་གསང་བའི་ཆོས་རྣམས
203b4 འདུས།། དཔེར་ན་མེ་ལོང་དཀྱིལ་འཁོར་ལ།། གང་བསྟན་དེ་ཉིད་འོང་བ་ལྟར།། སྟོང་ཉིད་ནམ་མཁའི་རིག་པ་ལ།། སྒྲོན་མའི་སྣང་བ་མ་འགགས་པས།། ས་ལེ་སང་ངེ་གནས་པའོ།། དེ་ནས་ཡང་ཞུས་པ།། བཅོམ
203b5 ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། དོན་གྱི་མཚན་དཔེ་གསུང་དུ་གསོལ། ཞེས་ཞུ་བ་ཞུས་སོ།། དེ་ནས་ཡང་ཐུགས་རྗེའི་བདག་པོས་བཀའ་སྩལ་པ། ཀྱེ་གྲོགས་པོ་དག་ཉོན་ཅིག། ཆོས་ཐམས་ཅད་ཀྱི་དེ་བཞིན
203b6 ཉིད། དཔེ་ཡི་མཚོན་པར་བྱའོ།། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། བརྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ།། དཔེར་ན་ཁྲ་ཚང་དུ་ཉལ་བ་ལྟ་བུའོ།། གནས་ནི་སྙིང་ན་གནས
iiif viewer powered by OpenSeadragon
203a - 204a