| | e-texts navigator
|
200b1 ན་ཡང་།། བརྩེགས་མ་གསུམ་དུ་གནས་པའོ།། དེ་ནི་རྩ་ནས་འགྱུ་བའོ།། སྲོག་པ་རྩ་ནས་ལམ་ཕྱུང་ངོ་།། སྒོ་ནི་ཁ་དང་སྣ་ནས་བྱུང་།། དེ་ལས་སྟོང་ཕྲག་བརྒྱད་ཅུའོ།། དེ་ལ་སོགས་པའི་ཉོན་མོངས་རྣམས།། སྣ་ཚོགས
200b2 དུ་མར་འབྱུང་བའོ།། དེ་ནས་ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མ་འོངས་སྐུ།། དག་པ་དང་ནི་མ་དག་པའི།། གནས་ལུགས་མདོར་བསྡུས་དེ་ལྟར་ན།། གཉིས་ཀྱི་ལ་བཟླ་གསུང་དུ་གསོལ།། ཞེས་ཞུས་སོ།། དེ་ནས
200b3 ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨེ་མ་གསང་བའི་བདག་པོ་ཉོན།། ཡང་དག་ཆོས་ཉིད་ལྟ་བ་ནི།། ཕྱོགས་དང་རིས་མེད་གཅིག་པུ་ཉིད།། ཡང་དག་བདེ་ཆེན་ལྟ་བ་ལ།། དག་དང་མ་དག་གཉིས་སུ
200b4 མེད།། བཟང་དང་ངན་པའི་ཡུལ་ལས་འདས།། ཡིན་དང་མིན་པའི་རྟོག་པ་མེད།། བླང་དང་དོར་བའི་སེམས་མེད་ཅིང་།། གཅིག་དང་དུ་མར་མེད་པའོ།། ཐིག་ལེ་ཉག་གཅིག་ངོ་བོའོ།། མ་རིག་རིག་པའོ་ངོ་བོར
200b5 རྟོགས།། རྣམ་རྟོག་ཆོས་ཉིད་ངང་དུ་རྟོགས།། ཆགས་སྡང་ལྔ་པོ་ཡེ་ཤེས་ལྔ།། ཡུལ་ལྔ་འོད་ལྔ་དག་ཏུ་རྟོགས།། དེ་བཞིན་རྣམ་པ་ཐམས་ཅད་ཀུན།། དག་དང་མ་དག་མེད་པའོ།། ཞེས་རིག་པ་རང་ཤར་ཆེན་པོའི་རྒྱུད
200b6 ལས། སེམས་ཅན་རང་རྒུད་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། ། @ཐཿཐདེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ།། ཨེ་མཧོ་བཅོམ་ལྡན་ཐུགས་རྗེ་ཆེན་པོ་དང
iiif viewer powered by OpenSeadragon
200a - 201a