| | e-texts navigator
|
98a1 ཞོག། རྩོལ་མེད་གདེང་ལ་བཞག་པས་ཕྲིན་ལས་ཉིད་དང་འཇལ།། ང་ལ་བགྲོད་པར་འདོད་པ་རྣམས།། བགྲོད་པར་མ་བྱེད་དབྱར་མེད་ངང་ལ་ཞོག། ང་ལ་བསྒྲུབ་པར་འདོད་པ་རྣམས།། བསྒྲུབ་པར
98a2 མ་བྱེད་བསྒྲུབ་མེད་དང་ལ་ཞོག། ང་ལ་ཐོབ་པར་འདོད་པ་རྣམས།། ཐོབ་རྒྱུ་མེད་ཀྱིས་རང་སར་རང་ཉིད་ཞོག། བཞག་ཏུ་མེད་པས་འབྲས་བུ་ཆེན་པོ་ཐོབ།། ཐོབ་ཏུ་མེད་པས་ཐོབ་པའི་དོན་དང་མཇལ།། མཇལ་དུ
98a3 མེད་པས་འགྱུར་མེད་ངང་ལ་ཞོག། སྣང་བ་ཐམས་ཅད་སོར་བཞག་ངང་ལ་ཞོག། གནས་ལུགས་ཐམས་ཅད་འགྱུར་མེད་ངང་ལ་ཞོག། སྤྲོས་པ་ཐམས་ཅད་ཐག་ཆོད་ངང་ལ་ཞོག། སྙིང་པོ་ཆོས་སྐུའི་རང་བཞིན་ནི།། མི
98a4 སྣང་རང་བཞིན་མེད་པའི་ངང་ལ་ཞོག། རྟོག་ཚོགས་བློ་ལ་སྣང་བའི་ཡུལ་སྣང་རྣམས།། སྣང་ལ་རང་བཞིན་མེད་པའི་ངང་ལ་ཞོག། གཉིས་སྣང་གཟུང་འཛིན་གཉིས་ཀྱིས་བཅིངས་པ་རྣམས།། དབྱེ་བསལ་རྩིས་འདབ
98a5 མེད་པའི་ངང་ལ་ཞོག། ཡིད་དཔྱོད་སེམས་ཀྱི་དྲན་རིག་རྣམས།། རང་དངས་ཆེན་པོའི་ངང་ལ་ཞོག། རྟོག་ཚོགས་སེམས་ཀྱི་ཆོ་འཕྲུལ་རྣམས།། རང་སངས་ཆེན་པོའི་ངང་ལ་ཞོག། འགྱུ་བ་རིག་པ་བརྟག་པ
98a6 རྣམས།། གསལ་གདངས་ཆེན་པོའི་ངང་ལ་ཞོག། ངང་བཞག་ཐབས་ཀྱི་དྲིལ་བས་གསུམ་དུ་འདུས།། རིག་པ་སྐྱེ་བ་མེད་པའི་ངང་ལ་ཞོག། ཡིད་ནི་འགྱུ་བ་མེད་པའི་ངང་ལ་ཞོག། སེམས་ནི་མིང་མེད་ངང་ལ
iiif viewer powered by OpenSeadragon
97b - 98b