| | e-texts navigator
|
95b1 པའི་དོན་དེ།། རྩོལ་བསྒྲུབ་བགྱི་རུ་འདོགས་ན་མི་འགལ་ལམ།། ཞེས་གསོལ་པ་དང་། སྟོན་པ་ཀུན་ཏུ་བཟང་པོ་དེ། རིན་པོ་ཆེ་འོད་འགྱུར་བ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེ་ནས་བཞེངས་ནས
95b2 འདི་སྐད་གསུངས།། ང་ཡི་སྤྱི་ཏི་ཡོ་ག་ལ།། དགག་བསྒྲུབ་སྤང་ལེན་བྱུང་ན་བཀའ་དང་འགལ།། དུག་གསུམ་སྤངས་ཀྱང་ང་སྤངས་སོ།། སྐུ་ལྔ་བསྒྲུབས་ཀྱང་ང་སྤངས་སོ།། དུག་ལྔ་སྤངས་ཀྱང་ང་སྤངས་སོ།། མ་རིག
95b3 སྤངས་ཀྱང་ང་སྤངས་སོ།། ཡེ་ཤེས་བསྒྲུབས་པས་ང་སྤངས་སོ།། རྣམ་རྟོག་སྤངས་པས་ང་སྤངས་སོ།། ཆོས་ཉིད་བསྒྲུབས་པས་ང་སྤངས་སོ།། འཁོར་བ་སྤངས་ཀྱང་ང་སྤངས་སོ།། མྱང་འདས་སྤངས་ཀྱང་ང་སྤངས
95b4 སོ།། སེམས་ཅན་སྤངས་ཀྱང་ང་སྤངས་སོ།། སངས་རྒྱས་བསྒྲུབས་ཀྱང་ང་སྤངས་སོ།། བདག་གཞན་སྤངས་ཀྱང་ང་སྤངས་སོ།། བདག་མེད་བསྒྲུབས་ཀྱང་ང་སྤངས་སོ།། ཕྱོགས་མེད་བསྒྲུབས་ཀྱང་ང་སྤངས་སོ།། དགྲ
95b5 གཉེན་སྤངས་ཀྱང་ང་སྤངས་སོ།། དགྲ་གཉེན་གཉིས་མེད་བསྒྲུབས་ཀྱང་ང་སྤངས་སོ།། གསལ་བ་བསྒྲུབས་ཀྱང་ང་སྤངས་སོ།། ལྟ་བ་བལྟས་པས་ཆོས་ཉིད་སྤངས།། སྒོམ་པ་བསྒོམས་པས་ཆོས་ཉིད་སྤངས།། སྤྱོད
95b6 པ་སྤྱད་པས་ཆོས་ཉིད་སྤངས།། དམ་ཚིག་བསྲུངས་པས་ཆོས་ཉིད་སྤངས།། ཕྲིན་ལས་བཙལ་བས་ཆོས་ཉིད་སྤངས།། ས་ལམ་བགྲོད་པས་ཆོས་ཉིད་སྤངས།། འབྲས་བུ་བསྒྲུབ་པས་ཆོས་ཉིད་སྤངས།། དེ་ཅིའི་ཕྱིར་ཞེ
iiif viewer powered by OpenSeadragon
95a - 96a