| | e-texts navigator
|
87b1 སྟོང་མ་མྱོང་།། ཡིན་མ་མྱོང་ལ་མིན་མ་མྱོང་།། སྟོར་མ་མྱོང་ལ་རྙེད་མ་མྱོང་།། གང་མ་མྱོང་ལ་ལུད་མ་མྱོང་།། པོ་མ་མྱོང་ལ་ཟད་མ་མྱོང་།། འདོད་མ་མྱོང་ལ་རྩོལ་མ་མྱོང་།། ཞེན་མ་མྱོང་ལ་ཆགས་མ་མྱོང་།། ངན་མ་མྱོང
87b2 ལ་སྤང་མ་མྱོང་།། བཟང་མ་མྱོང་ལ་བསྒྲུབས་མ་མྱོང་།། བསྒོམས་མ་མྱོང་འཇོགས་མ་མྱོང་།། གཟུང་མ་མྱོང་ལ་འཛིན་མ་མྱོང་།། འཁྲུལ་མ་མྱོང་ལ་སྒྲིབ་མ་མྱོང་།། རྟོགས་མ་མྱོང་ལ་རྒྱས་མ་མྱོང་།། གཉིས་སུ་རྒྱ་ཆད
87b3 མེད་པ་ཡིན།། གཅིག་ཏུ་བསྡུ་མ་མྱོང་བ་ཡིན།། རྒྱུ་ཡིས་མ་བསྐྱེད་རྐྱེན་གྱིས་མི་འཇིགས་པར།། ངོ་བོ་མི་འགྱུར་རང་བཞིན་མི་དམིགས་པས།། སྐྱེ་འཇིག་གང་དུ་རྒྱ་ཆད་མེད་པ་ཡིན།། མཚོན་མེད་ཚིག་གིས་སྟོན་པ
87b4 མེད།། ཆོས་མེད་སྟོན་མེད་ཉན་པ་མེད།། སྨྲར་མེད་ཚིག་མེད་བརྗོད་པ་མེད།། བདེ་མེད་སྡུག་མེད་སྐྱིད་པ་མེད།། བཟང་མེད་ངན་མེད་གཉིས་ཀ་མེད།། དབུས་མེད་མཐའ་མེད་ཕྱོགས་མཚམས་མེད།། སངས་མེད
87b5 ཆུབ་མེད་སེམས་ཅན་མེད།། རིགས་མེད་ཡིད་མེད་སེམས་མེད་བཏགས་པ་མེད།། གནས་མེད་ཆགས་མེད་ཞེན་མེད་བཟུང་བ་མེད།། ཅི་ཡང་མཚོན་དུ་མ་བཏུབ་པོ།། རྟོགས་ཚོགས་བརྟག་པའི་ཚིག་ལས་གྲོལ།། རྣམ
87b6 པ་ཅི་ཡང་མི་འབྱེད། སེམས་ཉིད་བརྗོད་མེད་ཀློང་།། ཀུན་གཞིའི་གནས་ལུགས་དེ་ལྟར་རོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་བཅུད་ཐིགས།། འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས།། ཀུན་གཞིའི་གནས
iiif viewer powered by OpenSeadragon
87a - 88a