| | e-texts navigator
|
86b1 མཁའི་སྐུར་བྱུང་ནས།། བཟང་པོ་མི་བསྒྲུབ་ངན་མི་འདོར།། དབྱེ་བསལ་མེད་པའི་དགོངས་པ་སྟོན།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས།། དེ་རྟོགས་སངས་རྒྱས་ཀུན་དང་མཉམ།། རྩོལ་བའི་བསམ་པས
86b2 དབྱིངས་མི་བསྐྱོད།། དེ་བཞིན་སྣང་སྲིད་ཐམས་ཅད་ཀྱིས།། ཚིག་དང་ཡི་གེར་མི་སྟོན་ཏེ།། རང་རང་སྒོ་ནས་དབྱེར་མེད་ཆོས་སྟོན་ཏོ།། རང་གི་ངོ་བོས་བཤད་ལུགས་སོ།། སྡེབ་སྦྱོར་ཚིག་གི་བཤད་ལུགས་ནི།། སྙན
86b3 ནས་སྙན་དུ་བརྒྱུད་ནས་བསྟན།། དེ་རྣམས་སྠི་ཏིའི་བཤད་ལུགས་སོ།། སྣང་སྲིད་ཁ་སྦྱོར་བདུད་རྩི་ཐིགས་པ་འཁོར་བ་ཐོག་མཐའ་གཅོད་པའི་རྒྱུད་ལས། གླེང་བསླང་བཤད་ལུགས་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ
86b4 ནས་ཡང་སེམས་ཉིད་ཀུན་ཏུ་བཟང་པོ་ལ། རྡོ་རྗེ་སེམས་དཔས་འདི་སྐད་ཞུས།། སངས་རྒྱས་སེམས་ཅན་མ་བྱུང་བ།། དེ་ཡི་གོང་ནས་སྡེ་ལྟར་གནས།། འདུས་པའི་འཁོར་ལ་གསུང་དུ་གསོལ།། ཞེས་གསོལ་པ་དང་།།
86b5 སེམས་ཉིད་ཀུན་ཏུ་བཟང་པོ་དེས།། རིན་ཆེན་འོད་སྤུངས་གཞལ་ཡས་ནས།། དབྱེ་བསལ་མེད་པའི་ཏིང་ངེ་འཛིན་ལ་བཞུགས།། འདུས་པའི་ཚོགས་རྣམས་འཁོད་པར་གཟིགས།། བཞེངས་ནས་སྟོན་པ་ཀུན་བཟང
86b6 གིས།། འདུས་པའི་འཁོར་ལ་འདི་སྐད་གསུངས།། སངས་རྒྱས་སེམས་ཅན་མེད་པའི་སྔོན་རོལ་ན།། ཅི་ཡང་མ་ཡིན་ཅི་ཡང་མ་གྲུབ་པ།། ཐ་སྙད་གང་གིས་མཚོན་པར་མི་ནུས་སོ།། མིང་འདོགས་ཚིག་གི་མཐའ་ལས
iiif viewer powered by OpenSeadragon
86a - 87a