| | e-texts navigator
|
84b1 བྱས་བྱུང་བའི་ཆོས་ཤིག་དགོས།། བསྒྲུབ་པའི་ཆོས་ཀྱིས་སངས་མི་རྒྱ།། བྱར་མེད་སྤྲོས་བྲལ་ཆོས་ཤིག་དགོས།། དེ་ནི་སྐྱེ་མེད་མཚོན་མེད་བཤད་ལུགས་སོ།། བླ་དགས་ཚིག་གི་བཤད་ལུགས་ནི།། མཚན་ཉིད་སྡེ
84b2 གསུམ་བཤད་ལུགས་དང་།། ཀྲི་ཡོག་སྡེ་གསུམ་བཤད་ལུགས་དང་།། བསྐྱེད་རྫོགས་རྣམ་གསུམ་བཤད་ལུགས་སོ།། ཡང་ན་རྒྱུ་ཡིས་བཤད་ལུགས་རྣམས།། འདི་རུ་བརྗོད་པས་མི་ལངས་ཏེ།། རང་རང་དཀྱུས་ནས
84b3 ཞིབ་པར་གསུངས།། བླ་དགས་ཚིག་གི་བཤད་ལུགས་སོ།། མཚན་པའི་བརྡ་འགྲོལ་བཤད་ལུགས་སོ།། ཨཱ་ཧོ་ཧེ་ཧེ་ཨ་ལ་ལ་ཧོ། ཤིན་ཏུ་ངོ་མཚར་ཆེ་བའི་བཀའ།། སྠི་ཏི་ཡོ་ག་འདི་ལྟ་བུ།། གཞན་ན་མེད་དེ་ཨ་ལ
84b4 ལ།། ང་ཡི་རང་བཞིན་འདི་ལྟར་ཏེ།། ཡོད་ནི་ཅི་ཡང་མེད་པ་སྟེ།། སྣང་ནི་ཅིར་ཡང་སྣང་བའོ།། དངོས་པོ་ཅི་ཡང་མེད་པ་སྟེ།། སྣ་ཚོགས་ཀུན་གྱི་གཞི་མ་བྱས།། མཚོན་དུ་རྡུལ་ཙམ་མེད་པ་སྟེ།། མཚོན་པ་སྣ་ཚོགས་རྩ
84b5 བ་བྱས།། ཚིག་གི་ཡུལ་དུ་མ་གྱུར་ཏེ།། ཚིགས་ཚོགས་རྒྱ་མཚོའི་རྩ་བ་བྱས།། ངོས་ཟིན་རྟག་པ་མེད་པ་སྟེ།། བརྟགས་སྣང་ཀུན་གྱི་རྩ་བ་བྱས།། ཆགས་ཞེན་རྟེན་ས་མེད་པ་སྟེ།། ཆགས་ཞེ་ན་ཀུན་གྱི་རྩ་བ་བྱས།། བརྗོད
84b6 པའི་ཡུལ་དུ་མ་གྱུར་ཏེ།། མིང་ཚིག་བརྗོད་བཞི་ཀུན་གྱི་རྩ་བ་བྱས།། ཐ་སྙད་གང་གིས་མ་གོས་ཏེ།། ཐ་སྙད་ཀུན་གྱི་རྩ་བ་བྱས།། སྐྱེ་ཤི་ཀུན་བྲལ་སྐྱེ་བ་སྟེ།། སྐྱེ་རྒ་ན་འཆིའི་གཞི་མ་བྱས།། བསྐྱེད་པ་ཀུན་དང་བྲལ་བ
iiif viewer powered by OpenSeadragon
84a - 85a